གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 04ཚེས་14ཉིན། 14:13】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་སྨན་བཅོས་བརྙན་པར་སྤྲིན་ཚོམ་བརྒྱུད་ཞིང་ཆེན་གཞན་དུ་ལྟ་འཐེན་མྱུར་པོ་ཐུབ་པའི་དྲ་རྒྱའི་ཁོངས་ཞུགས་ཚན་པའི་མིང་ཐོ་ཁག་དང་པོ་ཁྱབ་བསྒྲགས་བྱས་ཤིང་། སྨན་བཅོས་སྒྲིག་གཞིས་རང་རྟེན་རེ་ཞུ་འབུལ་བ་དང་། ཞིང་ཆེན་དང་གྲོང་ཁྱེར་གྱིས་དཔྱད་དཔོག་བྱེད་པ། ཕྱོགས་བསྡུས་ཞིབ་འཇུག་བྱེད་པ་སོགས་བརྒྱུད། ཀྲུང་རི་མཛའ་གྲོགས་སྨན་ཁང་དང་པེ་ཅིང་སློབ་ཆེན་སྨན་ཁང་གསུམ་པ་སོགས་སྨན་བཅོས་སྒྲིག་གཞི་305མིང་ཐོའི་ནང་ཚུད་ཡོད། སྨན་བཅོས་སྒྲིག་གཞི་འདི་དག་ནི་ཞིང་ཆེན་21(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)གི་སྤྱི་འདོམས་ཁུལ་བརྒྱ་ཙམ་ལ་ཁྱབ་པ་དང་། དེའི་ནང་ཀོང་ཏུང་ལ་47དང་། ཀྲེ་ཅང་ལ་38 ཨན་ཧུའེ་ལ་34 ཧོ་པེ་ལ་23བཅས་ཡོད།
མང་ཚོགས་སྨན་པ་བསྟེན་སྐབས་འཕྲད་པའི་དཀའ་གནད་དང་འགག་གནད་ཐག་གཅོད་བྱ་ཆེད། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་སྨན་བཅོས་འགན་བཅོལ་གྱི་བརྙན་པར་སྤྲིན་ཚོམ་བརྒྱུད་ཞིང་ཆེན་གཞན་དུ་ལྟ་འཐེན་མྱུར་པོ་ཐུབ་པའི་སྨན་ཁང་གི་དྲ་བ་འཛུགས་རྒྱུའི་བཀོད་སྒྲིག་བྱས་ཏེ།
དང་སྨན་བཅོས་ཀྱི་བརྙན་པར་གྲངས་གཞི་ཞིང་ཆེན་གཞན་ནས་ཕན་ཚུན་མཉམ་སྤྱོད་ཐུབ་པར་སྐུལ་འདེད་བཏང་ཡོད། རིམ་ཁག་སྨན་བཅོས་འགན་བཅོལ་སྡེ་ཚན་གྱིས་འཕྲལ་དུ་དང་ལེན་བྱས་པ་དང་། དམིགས་འཛུགས་སྨན་བཅོས་སྒྲིག་གཞིས་ཧུར་ཐག་ཞུགས་ཏེ། ཐུན་མོང་ཐོག“གྲངས་གཞི་འཁོར་རྒྱུག་མང་ཙམ་དང་མང་ཚོགས་ཕར་རྒྱུག་ཚུར་རྒྱུག་ཉུང་ཙམ”གྱི་སྨན་བཅོས་ཞབས་ཞུ་བྱེད་སྟངས་གསར་པ་སྐྲུན་པར་སྐུལ་འདེད་བཏང་ཡོད། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། ཞུགས་འཐུས་ཚད་གཞི་དང་མཐུན་པའི་སྨན་བཅོས་སྒྲིག་གཞིས་རྒྱུན་མཐུད་རང་འགུལ་ངང་ཐོ་འགོད་ལ་དགའ་བསུ་ཞུ་རྒྱུ་དང་། མཉམ་དུ་དྲ་རྒྱའི་ཁྱབ་རྒྱ་དང་ཞབས་ཞུའི་ནུས་ཆོད་ཆེ་རུ་བཏང་ནས། མང་ཚོགས་དེ་བས་མང་བར་ཕན་པ་ཏན་ཏིག་བསྐྲུན་དགོས་ཞེས་བརྗོད།