གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 04ཚེས་14ཉིན། 14:02】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
དབྱི་རན་ཁུའུ་མུའུ་ཞིང་ཆེན་ཉེན་རྟོག་ཕྱོགས་ཀྱིས་ས་གནས་དེ་གའི་དུས་ཚོད་ཚེས་13ཉིན། ས་གནས་དེ་གར“སྐར་མའི་སྦྲེལ་མཐུད་”སྲུང་སྐར་དྲ་སྦྲེལ་སྒྲིག་ཆས་ཁག་གཅིག་ཤེས་རྟོགས་བྱུང་བ་དང་། འབྲེལ་ཡོད་གྱོད་གཞིའི་ཐད་དོགས་ཡོད་ཉེས་ཅན་10བཟུང་ཡོད་ཅེས་བཤད་པ་རེད།
ཉེན་རྟོག་ཕྱོགས་ཀྱིས་སྲུང་སྐར་དྲ་སྦྲེལ་སྒྲིག་ཆས་དེ་རིགས་ནི་“བདེ་འཇགས་ལ་གནོད་འཚེ་གཏོང་བའི་རིགས་ཀྱི་དངོས་རྫས་”སུ་དབྱེ་བ་དང་། འབྲེལ་ཡོད་དོ་བདག་ཁྲིམས་ལྟར་ཐག་གཅོད་ནན་པོར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།