གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 04ཚེས་14ཉིན། 14:01】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
གནས་འཕྲིན་སྤེལ་བར་གཞིགས་ན། ཀྲུང་གོས་དབྱི་རན་ལ་གོ་མཚོན་མཁོ་འདོན་བྱེད་རྩིས་ཡོད་ཅེས་འཁོད་པར་དམིགས་ཏེ། ཚེས་13ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་གོ་ཅ་ཁུན་གྱིས་གསར་འགོད་པའི་རྒྱུན་ལྡན་གྱི་ཚོགས་འདུའི་ཐོག་གི་དྲི་བར་ལན་འདེབས་སྐབས། ཀྲུང་གོས་དམག་རྫས་ཕྱིར་གཏོང་གི་ཐད་ཐོག་མཐའ་བར་གསུམ་དུ་གཟབ་ནན་དང་འགན་འཁུར་བའི་རྣམ་འགྱུར་བཟུང་ནས། རང་ངོས་རྒྱལ་ཁབ་ཀྱི་ཕྱིར་གཏོང་དོ་དམ་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། དེ་བཞིན་རྒྱལ་སྤྱིའི་འོས་འགན་འཁུར་བར་གཞིགས་ནས་ལྟ་སྡོམ་ནན་པོར་བྱེད་བཞིན་ཡོད། ང་ཚོས་གཞི་འཛིན་ས་མེད་པར་སྨུག་ནག་འགོད་པ་དང་བསམ་ངན་འཆང་བའི་འབྲེལ་བར་ངོ་རྒོལ་བྱེད་བཞིན་ཡོད།