གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 04ཚེས་14ཉིན། 14:00】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཚེས་13ཉིན། ཀྲུང་དབྱང་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་གིས་དྲ་རྒྱའི་ཐད་གཏོང་བྱ་དགའ་ཚད་ལྡན་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ་བཏང་བ་རེད།
དྲ་རྒྱའི་ཐད་གཏོང་གི་བྱ་དགའ་སྤྲོད་པའི་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། དྲ་རྒྱའི་ཐད་གཏོང་གི་ཁེ་གཉེར་བྱེད་སྤྱོད་ཚད་ལྡན་དུ་གཏོང་བ། དྲ་ཚིགས་སྟེགས་བུ་ལུགས་མཐུན་སྐྱོན་བྲལ་ངང་གཉེར་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ། དྲ་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བཅས་བྱེད་ཆེད། ད་ལྟ་འབྲེལ་ཡོད་ལས་དོན་གྱི་བརྡ་ཐོ་བཏང་དོན་གཤམ་གསལ།
ཀྲུང་དབྱང་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་གིས་“དྲ་རྒྱའི་ཐད་གཏོང་བར་བྱ་དགའ་སྤྲོད་སྲོལ་ཚད་ལྡན་དོ་དམ་”གྱི་སྒྲིག་སྲོལ།
1. བྱ་དགའ་སྤྲོད་པའི་སྒྲིག་སྲོལ་གསལ་པོར་བཟོ་དགོས་པ།
2.བྱ་དགའ་སྤྲད་ནས་ཁེ་གཉེར་གྱི་དབང་ཚད་ཚད་ལྡན་བཟོ་དགོས་པ།
3. བྱ་དགའི་བཅད་གྲངས་ཀྱི་བྱེད་ནུས་འདོན་སྤྲོད་བྱེད་དགོས་པ།
4. བྱ་དགའ་སྤྲོད་པའི་དྲན་སྐུལ་བྱེད་ནུས་མཁོ་འདོན་བྱེད་དགོས་པ།
5.བྱ་དགའ་སྤྲོད་པའི་དངུལ་གྲངས་ཀྱི་ཨང་རིམ་ཚད་ལྡན་བཟོ་དགོས་པ།
6.བྱ་དགའ་སྤྲོད་རེས་ཚད་ལྡན་བཟོ་དགོས་པ།
7.ནར་མ་སོན་པའི་སྐྱེ་བོ་སྲུང་སྐྱོང་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་པ།
8.ཁེ་གཉེར་བྱ་སྤྱོད་ལ་བྱ་དགའ་སྤྲོད་པའི་ལྡོག་ཕྱོགས་ཀྱི་རྩིས་ཐོ་བཟོ་དགོས་པ།
9.རྒྱུན་ལྡན་མིན་པའི་བྱ་དགའ་དབྱེ་འབྱེད་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་དགོས་པ།
10.ཞུ་གཏུག་ཐེར་འདོན་བདག་སྤྲོད་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་པ།
11.ཐག་གཅོད་དང་དམར་འདོན་བྱེད་ཤུགས་ཆེ་རུ་གཏོང་དགོས་པ།