འཚོལ་བཤེར།   
藏文频道
2026ལོའི་ཟླ་4ཚེས་14ཉིན།

ཧིན་རྡུ་ཉི་ཞི་ཡའི་དཔོན་རིགས་ཀྱིས་བརྗོད་དོན།

༄༅།།ཀྲུང་གོའི་དངུལ་རྩ་དང་མཉམ་ལས་བྱས་པས་ཧིན་རྡུ་ཉི་ཞི་ཡའི་གདེང་ཚོད་དང་མཉེན་གཤིས་ཆེ་རུ་སོང་བ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 04ཚེས་14ཉིན། 10:18】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་ཅ་ཁར་ཐ་ནས་ཟླ་4ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཚེས་10ཉིན། ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཁབ་དཔལ་འབྱོར་ཨུ་ལྷན་གྱི་ཀྲུའུ་ཞི་ལུའུ་ཧུའུ་ཐེ་ཡིས་ཧིན་རྡུ་ཉི་ཞི་ཡས་ཀྲུང་གོའི་དངུལ་རྩ་དང་མཉམ་ལས་བྱས་པས་ཚོང་དོན་དང་མ་འཇོག་གི་ལས་ཕྱོད་ཆེ་རུ་ཕྱིན་ཏེ། ཕྱི་རོལ་གྱི་གཏན་འཁེལ་རང་བཞིན་མེད་པར་ཁ་གཏད་གཅོག་པའི་ཧིན་རྡུ་ཉི་ཞི་ཡའི་གདེང་ཚོད་དང་སྐོར་སྐྱོད་རང་བཞིན་གྱི་མཉེན་གཤིས་ཆེ་རུ་སོང་ཡོད་ཅེས་བརྗོད།

     དེ་ཉིན་ཅ་ཁར་ཐར་ཀྲུང་གོ་དངུལ་ཁང་གིས་གཙོ་གཉེར་བྱས་པའི་རང་དངུལ་ཉོ་ཚོང་ལ་ཤུགས་སྣོན་རྒྱག་པའི་ལམ་སྲོལ་གྱི་ཕྱོགས་མང་སྐད་ཆ་ཤོད་རེས་ཀྱི་ཚོགས་འདུར་ཞུགས་པའི་་ལུའུ་ཧུའུ་ཐེ་ཡིས། དེང་སྐབས་འཛམ་གླིང་ཉོ་ཚོང་གི་རྣམ་པར་འགྱུར་ལྡོག་འགྲོ་བཞིན་ཡོད་པ་དང་། མཁོ་སྤྲོད་འཁོར་འབྲེལ་སླར་ཡང་ལེགས་སྒྲིག་བྱེད་བཞིན་ཡོད་པ། མ་རྩའི་ཆ་རྐྱེན་དེ་བས་མང་དུ་འགྲོ་བཞིན་ཡོད། ཁོར་ཡུག་དེ་འདྲའི་འོག་དེ་བས་བློས་འགེལ་ཆོག་པའི་ས་ཁོངས་ཀྱི་དངུལ་རྩའི་བདེ་འཇགས་དྲ་བ་འཛུགས་རྒྱུ་ཚུད་པའི་ས་ཁོངས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་དེ་སྔར་བས་གལ་འགངས་ཆེན་པོ་ཞིག་ཏུ་གྱུར་ཡོད་ཅེས་བརྗོད།

     ལུའུ་ཧུའུ་ཐེ་ཡིས། ཧིན་རྡུ་ཉི་ཞི་ཡ་དང་ཀྲུང་གོས་2025ལོའི་ལོ་འགོར་ཕྱོགས་གཉིས་པོའི་རང་དངུལ་བརྗེ་རེས་གྲོས་མཐུན་ལ་མུ་མཐུད་མིང་རྟགས་བཀོད་དེ་བརྗེ་རེས་ཀྱི་དངུལ་གྲངས་མི་དམངས་ཤོག་སྒོར་དུང་ཕྱུར་4000བར་མང་དུ་བཏང་ཡོད། རང་དངུལ་བསྡོམས་རྩིས་ཀྱིས་ཉོ་ཚོང་གི་མ་གནས་ཆུང་དུ་དང་སྔོན་དཔག་རང་བཞིན་ཆེ་རུ་གཏོང་ཐུབ་པ་དང་། དངུལ་བརྗེའི་འཛའ་ཐང་འཕར་ཆག་གི་ཉེན་ཁ་ཆུང་དུ་གཏོང་ཐུབ་པ། ཧིན་རྡུ་ཉི་ཞི་ཡའི་དཔལ་འབྱོར་སྒྲོམ་གཞི་དེ་འགྱུར་ལྡོག་འགྲོ་བའི་འཛམ་གླིང་དང་བསྟུན་ནས་འཕོ་འགྱུར་ཡོང་བར་འགན་ལེན་ཐུབ་ལ། དཔལ་འབྱོར་ལ་ངེས་གཏན་མེད་པའི་རང་བཞིན་འཕྲད་སྐབས་གོ་སྐབས་དེ་བས་མང་བ་ཡོང་བར་འགན་ལེན་ཡང་ཐུབ་ཡོད་ཅེས་བརྗོད།

      ཀྲུང་གོ་དངུལ་ཁང་གི་ཧང་ཀྲང་གཞོན་པ་དབྱང་ཅུན་གྱིས། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དཔལ་འབྱོར་སྒྲིག་གཞི་ཆེ་ཤོས་ཡིན་པའི་ཧིན་རྡུ་ཉི་ཞི་ཡས་ས་ཁོངས་མཉམ་ལས་དང་རང་དངུལ་གྱི་བསྡོམས་རྩིས་ལམ་སྲོལ་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་ཐོན་ཡོད། 2021ལོར་ཧིན་རྡུ་ཉི་ཞི་ཡ་དང་ཀྲུང་གོའི་རང་དངུལ་གྱི་བསྡོམས་རྩིས་ལམ་སྲོལ་བཏོན་པ་དང་འབྲེལ། 2025ལོར་རང་དངུལ་གྱི་ཉོ་ཚོང་ལམ་སྲོལ་དུ་རིམ་སྤོར་ཡང་བྱས་ཡོད། རང་དངུལ་གྱི་བསྡོམས་རྩིས་ཁྱབ་ཁོངས་དེ་ཉོ་ཚོང་དང་མ་འཇོག་ཁྱབ་ཁོངས་ནས་རྒྱལ་སྤྱིའི་གཏོང་ཡོང་གི་ཁྱབ་ཁོངས་ཚང་མར་རྒྱ་ཆེར་བཏང་ཡོད་ཅེས་བརྗོད།