འཚོལ་བཤེར།   
藏文频道
2026ལོའི་ཟླ་4ཚེས་14ཉིན།

༄༅།།ཀྲུང་གོས་སྐྲུན་རོགས་བྱས་པའི་མ་ལ་ཝེའི་གནམ་ཐང་གི་གཞུང་ལམ་རིམ་སྤོར་སྒྱུར་བཀོད་རྣམ་གྲངས་རྩིས་སྤྲད་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 04ཚེས་14ཉིན། 10:16】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཧ་ལ་ལེ་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། ལི་ལོང་ཀུའེ་ནས་གནས་ཚུལ་སྤེལ་གསལ། ཚེས་10ཉིན། ཀྲུང་གོས་སྐྲུན་རོགས་བྱས་པའི་མ་ལ་ཝེའི་རྒྱལ་སའི་གནམ་ཐང་གི་M1གཞུང་ལམ་རིམ་སྤོར་སྒྱུར་བཀོད་རྣམ་གྲངས་མ་ལ་ཝེའི་སྲིད་གཞུང་ལ་དངོས་སུ་རྩིས་སྤྲད་པ་རེད། རྣམ་གྲངས་དེས་མ་ལ་ཝེའི་རྒྱལ་ས་ལི་ལུང་ཀུའེ་ཡི་འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་ཕྱིན་ནས་མི་དང་ཚོང་དོན་འགྲོ་འོང་ལ་སྐུལ་མ་ཐེབས་ཏེ། རྒྱལ་ཁབ་དེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་ཐུབ་རྒྱུ་ཡིན་པ་རེད།

     ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་དེ་ཧྲན་ཏུང་ཞིང་ཆེན་ལམ་ཟམ་ཚོགས་པ་ཚད་ཡོད་ཀུང་སིས་སྐྲུན་འགན་ཁུར་ཞིང་། 2021ལོའི་ལོ་མཇུག་ཏུ་སྐྲུན་འགོ་ཚུགས་པ་དང་སྤྱིའི་རིང་ཚད་ལ་སྤྱི་ལེ་9.455ཟིན་གྱི་ཡོད། རྣམ་གྲངས་དེ་བསྐྲུན་རྗེས་ལི་ལུང་ཀུའེ་ཡི་འགྲིམ་འགྲུལ་མ་ལམ་གལ་ཆེན་དུ་གྱུར་ཡོད།