གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 04ཚེས་13ཉིན། 14:08】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཉེ་ཆར། རྒྱལ་ཁབ་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན་གྱིས་ནོར་སྲིད་པུའུ་དང་མཉམ་དུ་ས་གནས་ལ་ད་ལོའི་དུས་ཡུན་རིང་བའི་དམིགས་བསལ་རྒྱལ་བུན་མ་དངུལ་སྒོར་དུང་ཕྱུར་625འགྲེམས་ཐེངས་གཉིས་པ་དུས་ཐོག་ཏུ་བཀྲམས་ནས། ས་གནས་ཀྱིས་མུ་མཐུད་བརྟན་བརླིང་དང་གོ་རིམ་ལྡན་པར་འཛད་རྫས་གསར་རྙིང་བརྗེ་བའི་སྲིད་ཇུས་ལག་བསྟར་བྱས།
སྲིད་ཇུས་ལེགས་སུ་བཏང་རྗེས་ཀྱི་བཀོད་སྒྲིག་གཞིར་བཟུང་ས་ཁུལ་ཁག་གིས་འཛད་རྫས་རྙིང་ཚབ་གསར་བརྗེའི་ལམ་ལུགས་ཇུས་འགོད་འཐུས་ཚང་ཧུར་ཐག་བཏང་བ་དང་། ཁྱབ་ཁོངས་དབྱེ་ནས་མ་དངུལ་དོ་སྙོམས་ངང་སྤྱོད་པའི་འཆར་གཞི་བཟོས་པ། ཁྱིམ་སྤྱོད་གློག་ཆས་དང་། གྲངས་འཛིན་ཐོན་རྫས་དང་རིག་ནུས་ཐོན་རྫས་སོགས་ཁྱབ་ཁོངས་སུ་མ་དངུལ་སྔོན་ལ་གཏོང་ཐབས་བྱས་ནས་ཕྱིར་ཚོང་གི་ཁེ་ལས་ལ་མ་དངུལ་སྔོན་གཏོང་གི་གནོན་ཤུགས་ཆུང་དུ་བཏང་བ་དང་། འཛད་རྫས་རྙིང་ཚབ་གསར་བརྗེའི་ལས་གོམ་སྤྱིའི་ཆ་ནས་སྔར་བས་བརྟན་པོ་ཡོང་བར་བྱས་པ་དང་། འདི་ལོ་ནས་བཟུང་རྒྱལ་ཡོངས་ཀྱི་འཛད་རྫས་རྙིང་བརྗེའི་ཕྱིར་ཚོང་གྲངས་འབོར་སྒོར་དུང་ཕྱུར་4332ལས་བརྒལ་ནས་མི་ཐེངས་གྲངས་ཁྲི་6093ལྷག་ཙམ་ལ་ཕན་པ་ཐོབ་པ་དང་ཟླ་དང་པོ་ནས་གཉིས་པའི་བར་སྤྱི་ཚོགས་ཀྱི་འཛད་རྫས་སིལ་འཚོང་བསྡོམས་འབོར་དུས་མཚུངས་ལས་2.8%འཕར་ནས་ལོ་གོང་མའི་ཟླ་12པ་ལས་འཕར་ཤུགས་བརྒྱ་ཆའི་གཞི་གྲངས་1.9མགྱོགས་སུ་ཕྱིན་ཡོད།
གོམ་སྟབས་རྗེས་མར། འབྲེལ་ཡོད་སྡེ་ཚན་གྱིས་མུ་མཐུད་ས་གནས་ལ་མཛུབ་ཁྲིད་བྱས་ནས་ལས་རིམ་སྟངས་འཛིན་ལུགས་མཐུན་བྱེད་པ་དང་། མ་དངུལ་བེད་སྤྱོད་ཀྱི་འཆར་གཞི་ལེགས་སུ་གཏོང་བ་དང་འཐུས་ཚང་དུ་གཏོང་བ། མ་དངུལ་སྤྱོད་པར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ཁ་གསབ་ཀྱི་ཞུ་བ་དང་ལེན་དང་མ་དངུལ་ཞིབ་བཤེར་གཏན་འབེབས་ཚད་ལྡན་བཟོ་བ། ཁ་གསབ་དངུལ་སྤྲོད་ཀྱི་ཕན་འབྲས་ཆེ་རུ་གཏོང་བ། ཁ་གསབ་གཡོ་ལེན་དང་ཁ་གསབ་ཆ་ཚང་དང་། “སྔོན་འཕར་རྗེས་གསབ་”སོགས་ཆེད་དོན་བཅོས་སྒྲིག་བྱས་ནས། སྲིད་ཇུས་ལག་བསྟར་ནུས་ལྡན་རྒྱུན་མཐུད་ངང་ཆེ་རུ་གཏོང་རྒྱུ་རེད།