གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 04ཚེས་13ཉིན། 14:08】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་4ཚེས་11ཉིན། དབྱི་རན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་བརྡ་ཐོ་གལ་ཆེན་བཏང་ནས། ཀྲུང་གོའི་སྤྱི་དམངས་གནས་སྐབས་དབྱི་རན་དུ་མི་བསྐྱོད་པའི་དྲན་སྐུལ་བསྐྱར་མ་བྱས་པ་རེད། ནང་དོན་ཞིབ་ཕྲ་གཤམ་གསལ།
ཉེ་ཆར་ཨ་རི་དང་དབྱི་རན་དབར་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་བཞག་ཡོད་མོད། འོན་ཀྱང་ས་ཁུལ་གྱི་གནས་བབ་སྔར་བཞིན་གཏན་འཁེལ་མེད་པའི་རང་བཞིན་ཧ་ཅང་ཆེན་པོ་ཡོད་པ་དང་ད། བྱི་རན་གྱི་བདེ་འཇགས་གནས་བབ་སྔར་བཞིན་ཛ་དྲག་དང་རྙོག་འཛིང་ཆེ་བས། ཕྱི་འབྲེལ་པུས་ཀྲུང་གོའི་སྤྱི་དམངས་གནས་སྐབས་དབྱི་རན་དུ་མི་འགྲོ་བའི་དྲན་སྐུལ་བྱས་པ་དང་། དབྱི་རན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་དང་ཁེ་སྐྱོང་ལས་ཤག་གིས་ཀྲུང་གོའི་སྤྱི་དམངས་ལ་འབྲེལ་ཡོད་བདེ་འཇགས་ཀྱི་དྲན་སྐུལ་བརྩི་སྲུང་ནན་པོར་ཞུ་དགོས་པའི་དྲན་སྐུལ་བྱས་ཏེ། ས་གནས་དེ་གར་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཕྱི་རོལ་དུ་མི་འགྲོ་བ་དང་། ཚོར་སྣང་སྐྱེན་པའི་ས་ཁུལ་དུ་མི་འགྲོ་བ། ཛ་དྲག་གི་གནས་ཚུལ་འཕྲད་ཚེ་དུས་ཐོག་ཏུ་ཉེན་བརྡ་གཏོང་བ་དང་འབྲེལ་དབྱི་རན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་དང་ཁེ་སྐྱོང་ལས་ཤག་ལ་རོགས་སྐྱོབ་ཞུ་དགོས།
ཀྲུང་གོའི་སྤྱི་དམངས་དབྱི་རན་དུ་བསྐྱོད་རྒྱུ་ངེས་གཏན་ཡིན་ཚེ། བདེ་འཇགས་མེད་པའི་ཉེན་ཁ་ཧ་ཅང་ཆེན་པོ་འཕྲད་སྲིད་པ་མ་ཟད། རང་ལ་གཞོགས་འདེགས་དངོས་ཐོབ་རྒྱུར་གནོད་སྲིད།
འབྲེལ་གཏུག་བྱེད་ཐབས།
དབྱི་རན་གྱི་མྱུར་སྐྱོབ་ཁ་པར།115
དབྱི་རན་གྱི་ཉེན་བརྡའི་ཁ་པར།110
ཕྱི་འབྲེལ་པུའི་གོ་ལ་ཧྲིལ་པོའི་ཁེ་སྐྱོང་སྲུང་སྐྱོང་དང་ཞབས་ཞུའི་འཕྲལ་སྡོམ་ཐད་སྦྲེལ་ཁ་པར།(ཆུ་ཚོད་24)
+86-10-12308 +86-10-65612308
དབྱི་རན་དུ་བཅའ་སྡོད་གཞུང་ཚབ་ཁང་གི་ཁེ་སྐྱོང་སྲུང་སྐྱོང་དང་གཞོགས་འདེགས་ཁ་པར།
+98-9122176035
ཨ་པ་སིར་བཅའ་སྡོད་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གི་ཁེ་སྐྱོང་སྲུང་སྐྱོང་དང་གཞོགས་འདེགས་ཁ་པར།
+98-9914240393
སྤུན་ཟླ་རྣམས་པས་མཐུན་སྒྲིལ་རོགས་རེས་གནང་རོགས།
དྲན་སྐུལ་བརྒྱུད་སྐུར་གང་ཐུབ་གནང་དགོས།