འཚོལ་བཤེར།   
藏文频道
2026ལོའི་ཟླ་4ཚེས་13ཉིན།

༄༅།།གནད་དོན་འདིའི་རིགས་ཐེར་འདོན་བྱས་ན་བྱ་དགའ་སྒོར་ཁྲི་20སྤྲོད་རྒྱུ། 

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 04ཚེས་13ཉིན། 14:07】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཉེ་ཆར། སྨན་བཅོས་འགན་བཅོལ་ཐེབས་རྩ་དོ་དམ་གྱི་མངོན་གསལ་དོད་པོའི་གནད་དོན་བཅོས་སྒྲིག་གཏིང་ཟབ་ཏུ་གཏོང་བ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་སྨན་བཅོས་འགན་བཅོལ་ཐེབས་རྩའི་ལྟ་སྐུལ་དོ་དམ་ནང་ཞུགས་པའི་བརྩོན་སེམས་དང་རང་འགུལ་རང་བཞིན་སྐུལ་སློང་གང་ལེགས་བྱ་ཆེད། རྒྱལ་ཡོངས་ས་གནས་ཁག་གི་སྨན་བཅོས་འགན་བཅོལ་སྡེ་ཁག་གིས་གཅིག་རྗེས་གཉིས་མཐུད་ངང་སྤྱི་བསྒྲགས་སྤེལ་ནས། སྤྱི་ཚོགས་ཡོངས་ལ་ཕྱོགས་ནས་ཁྲིམས་འགལ་སྒྲིག་འགལ་ངང་སྨན་བཅོས་འགན་བཅོལ་ཐེབས་རྩ་སྤྱོད་པའི་གནད་དོན་གྱི་ཁུངས་སྣེ་ཡོངས་བསྒྲགས་ངང་བསྡུ་རུབ་བྱས་ཏེ། མང་ཚོགས་ཀྱི་ཐེར་འདོན་ལྟ་སྐུལ་དང་ལེན་བྱས་པ་དང་། ཐེར་འདོན་ཁུངས་སྣེ་བདེན་དཔང་ར་སྤྲོད་ཐུབ་ཚེ། གཏན་འབེབས་ལྟར་བྱ་དགའ་སྤྲོད་རྒྱུ་དང་བྱ་དགའ་མཐོ་ཤོས་སྒོར་ཁྲི་20སྤྲོད་རྒྱུ་རེད།

      རྒྱ་ཆེའི་མི་དམངས་མང་ཚོགས་དང་སྤྱི་ཚོགས་ལས་རིགས་ཁག་གིས་སྨན་བཅོས་འགན་བཅོལ་ཐེབས་རྩ་བེད་སྤྱོད་དོ་དམ་ལྟ་སྐུལ་ནང་ཧུར་ཐག་ཞུགས་ཏེ། འགན་བཅོལ་ཁ་བསླུས་རྒྱག་པ་དང་གཡོ་ལེན། ཁྲིམས་འགལ་སྒྲིག་འགལ་གྱིས་སྨན་བཅོས་འགན་བཅོལ་ཐེབས་རྩ་བེད་སྤྱོད་བྱེད་པའི་གནད་དོན་གྱི་ཁུངས་སྣེ་ཇི་མ་ཇི་བཞིན་ཞུས་ནས། སྨན་བཅོས་འགན་བཅོལ་ཐེབས་རྩའི་བདེ་འཇགས་འགོག་སྲུང་འཛིང་རགས་མཉམ་དུ་བསྐྲུན་ཏེ། མང་ཚོགས་རང་གི་“སྨན་བཅོས་དངུལ”དང“སྲོག་སྐྱོབ་དངུལ”སྲུང་སྐྱོང་ཡག་པོ་བྱེད་དགོས།