འཚོལ་བཤེར།   
藏文频道
2026ལོའི་ཟླ་4ཚེས་13ཉིན།

༄༅།།ཀྲུང་གོས་ཁུ་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་པ་བརྗོད། 

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 04ཚེས་13ཉིན། 14:07】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཟླ་4ཚེས་10ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་གསར་འགོད་པའི་རྒྱུན་ལྡན་གྱི་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད། གསར་འགོད་པ་ཞིག་གིས་ཉེ་དུས་ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་མི་ཁག་གཅིག་ཁུ་པར་འཚམས་འདྲིར་ཕེབས་པའི་སྐོར་དྲི་བ་བཏོན་པ་རེད།

     མའོ་ཉིང་གིས་བསྟན་དོན། ཉེ་དུས་ཨ་རིའི་གྲོས་མི་ཁག་གཅིག་གིས་ཁུ་པར་འཚམས་འདྲི་བྱས་ནས། ཨ་རིས་ཁུ་པར་བཟུང་བའི་དགྲར་འཛིན་སྲིད་ཇུས་ལ་ངོ་རྒོལ་བྱེད་པར་ང་ཚོས་དོ་སྣང་བྱུང་། ཨ་རི་སྲིད་གཞུང་གིས་དྲང་བདེན་གྱི་འབོད་སྐད་ལ་ཉན་ནས་ཁུ་པར་བཀག་སྡོམ་ཚོད་འཛིན་དང་རྣམ་པ་གང་རུང་གི་བཙན་ཤེད་དང་གནོན་ཤུགས་སྤྲོད་མཚམས་འཇོག་དགོས། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ཁུ་པས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་སྲུང་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་དང་། ཕྱི་ནས་ཡོང་བའི་ཐེ་ཇུས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།