འཚོལ་བཤེར།   
藏文频道
2026ལོའི་ཟླ་4ཚེས་13ཉིན།

༄༅།།རྒྱལ་སྤྱིའི་སྣུམ་གོང་ཆེན་པོ་འཕར་འདུག 

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 04ཚེས་13ཉིན། 14:07】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     དབུས་ཤར་ས་ཁུལ་གྱི་དུས་བབ་གསལ་པོ་མེད་པ་དེས་ཁྲོམ་རའི་སེམས་ཁྲལ་ཆེ་རུ་བཏང་ནས། ཚེས་13ཉིན་ཨེ་ཤ་ཡའི་ཉོ་ཚོང་དུས་མཚམས་སུ་རྒྱལ་སྤྱིའི་སྣུམ་གོང་ཆེས་ཆེར་འཕར་ནས་ཟོམ་རེར་ཨ་སྒོར་100ལས་སླར་ཡང་བརྒལ་ཡོད་པ་རེད། པེ་ཅིང་གི་དུས་ཚོད་ཆུ་ཚོད་6དང་སྐར་མ་50བར། ཉིའུ་ཡོག་ཚོང་ཟོག་ཁང་གིས་ཟླ་5པར་ཚོང་ཟོག་རྩིས་སྤྲོད་བྱས་པའི་ཡང་བའི་མ་བཅོས་རྡོ་སྣུམ་གྱི་དུས་བཅད་ཚོང་ཟོག་གི་རིན་གོང་ཟོམ་རེར་ཨ་སྒོར་104.42ཟིན་པ་དང་། འཕར་ཚད་8.13%ཟིན་ཡོད་པ་རེད། ཟླ་6པར་ཚོང་ཟོག་རྩིས་སྤྲོད་བྱེད་པའི་པུའུ་ལུན་ཐེའི་མ་བཅོས་རྡོ་སྣུམ་གྱི་དུས་བཅད་ཚོང་ཟོག་གི་རིན་གོང་ཟོམ་རེར་ཨ་སྒོར་102.36ཟིན་ནས་7.52%འཕར་ཡོད་པ་རེད།