གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 04ཚེས་13ཉིན། 12:57】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

འདི་ནི་ཟླ་4ཚེས་8ཉིན་སློབ་མས་འཕྲུལ་མི་སྤྱོད་སྟངས་སྦྱོང་བཞིན་པ།
ཉེ་བའི་ལོ་ཤས་རིང་། སི་ཁྲོན་སློབ་ཆེན་ཅིན་ཅང་སློབ་གླིང་གིས་སྤུས་ལེགས་ཁེ་ལས་དང་རྒྱུན་མཐུད་མཉམ་ལས་གཏིང་ཟབ་བྱས་ནས། འཕྲུལ་མི་སྤྱོད་སྟངས་ཀྱི་སློབ་ཚན་དེ་བས་མང་པོ་ཁྲིད་དེ་རིག་ནུས་དང་། གྲངས་གཞི། རྩིས་ཐབས་བཅས་ཤེས་པའི་བྱང་ཚད་མཐོ་བའི་མཁོ་ཆོད་ཤེས་ལྡན་པ་དེ་བས་མང་པོ་གསོ་སྐྱོང་བྱས་ཡོད། དེ་གར་སློབ་མས་འཕྲུལ་མི་སྤྱོད་སྟངས་ཉམས་ལེན་ཐུབ་པ་མ་ཟད། ད་དུང་འཕྲུལ་མི་སྤྱོད་པའི་ཚད་གཞི་དང་། སྒྲིག་རིམ་གཏན་ཚིགས། སྙོམས་སྒྲིག་བྱ་ཐབས། བདེ་འཇགས་འགོག་སྲུང་སོགས་བརྒྱུད་རིམ་ལྡན་པའི་སྒོ་ནས་སྦྱོང་ཐུབ་ཀྱི་ཡོད་པ་རེད།