འཚོལ་བཤེར།   
藏文频道
2026ལོའི་ཟླ་4ཚེས་11ཉིན།

ཟླ་བ་གཉིས་པའི་ཟླ་མཇུག་བར། རྒྱལ་ཡོངས་ཀྱི་ཀུན་ཕན་རྣམ་པའི་ཞིང་འབྲེལ་དངུལ་བུན་གྱི་ལྷག་གྲངས་དུས་མཚུངས་ལས་10.34%འཕར་བ།

༄༅།།གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་བ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 04ཚེས་11ཉིན། 11:55】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

      འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཁྱབ་ཅུས་ཀྱིས་བརྡ་ཐོ་ཁྱབ་བསྒྲགས་བྱས་ནས་ཁ་གསལ་བཏོན་དོན། གཙོ་གནད་ཁྱབ་ཁོངས་ཀྱི་དངུལ་རྩའི་མཁོ་སྤྲོད་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་འབྲུ་རིགས་དང་པད་ཁའི་ཐོན་སྐྱེད་བརྟན་པོ་དང་། “ཤ་ཚལ་སྒོང་གསུམ”ཐོན་ལས་སྤུས་འབྲས་ལེགས་གཉེར། ཞིང་ལས་ཚན་རྩལ་གསར་གཏོད་སོགས་ལ་དམིགས་ནས་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་ཡོད། ཟླ་བ་གཉིས་པའི་ཟླ་མཇུག་བར། རྒྱལ་ཡོངས་ཀྱི་ཀུན་ཕན་རྣམ་པའི་ཞིང་འབྲེལ་དངུལ་བུན་གྱི་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་14.52ཟིན་པ་དེ་དུས་མཚུངས་ལས་10.34%འཕར་བ་དང་། ད་ལོའི་ཟླ་བ་དང་པོ་དང་གཉིས་པར་གསར་དུ་སྤྲད་པའི་ཀུན་ཕན་རྣམ་པའི་ཞིང་འབྲེལ་དངུལ་བུན་གྱི་ཆ་སྙོམས་སྐྱེད་ཚད་4.05%ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.46ཆག་པ་དང་། ཞིང་ལས་འགན་བཅོལ་གྱིས་ཞིང་དུད་ཁྲི་2100ལ་ཉེན་ཁ་འགན་སྲུང་གི་དངུལ་སྒོར་དུང་ཕྱུར་ཁྲི་0.9མཁོ་འདོན་བྱས་ཡོད།

     《2026ལོར་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་དངུལ་རྩའི་རྒྱབ་སྐྱོར་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོའི》ནང་ཁ་གསལ་བཏོན་དོན། 2026ལོར་ཞིང་ལས་འཕེལ་རྒྱས་དངུལ་ཁང་དང་ཚོང་ལས་དངུལ་ཁང་ཆེ་འབྲིང་གིས་མུ་མཐུད་ཞིང་འབྲེལ་ཡིད་རྟོན་དངུལ་བུན་གྱི་འཆར་གཞི་ལོགས་སུ་བཟོས་ནས་ཚད་གཞི་གཅིག་མཚུངས་ཀྱི་ཞིང་འབྲེལ་དངུལ་བུན་གྱི་ལྷག་གྲངས་དེ་ལོ་སྟོད་དང་བསྡུར་ན་རྒྱུན་མཐུད་འཕར་བའི་དམིགས་ཚད་མངོན་འགྱུར་ཧུར་ཐག་བྱེད་དགོས། འབྲས་དང་། གྲོ། མ་རྨོས་ལོ་ཏོག སྲན་ཆེན་བཅས་ཀྱི་འགན་བཅོལ་འགན་སྲུང་ལ་ཤུགས་སྣོན་རྒྱག་པ་དང་། ཡུལ་བབ་དང་བསྟུན་ནས་ས་གནས་ཀྱི་ལེགས་ལྡན་ཁྱད་ལྡན་ལེགས་ཆའི་ཞིང་ལས་ཐོན་རྫས་ཀྱི་འགན་བཅོལ་འཕེལ་རྒྱས་བཏང་སྟེ་གེགས་འགོག་གེགས་སེལ་བྱེད་སྐབས་ཞིང་ལས་འགན་བཅོལ་གྱི་ནུས་པ་འདོན་དགོས།

      བརྡ་ཐོའི་ནང་བླང་བྱ་བཏོན་དོན། རྫོང་ཁོངས་ཀྱི་དམངས་ཕྱུག་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བར་གཞོགས་འདེགས་ཧུར་ཐག་དང་རང་རང་སོ་སོའི་ཁྱད་ཆོས་ལྡན་པའི་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་གཞོགས་འདེགས་བྱས་ཏེ། གྲོང་གསེབ་འཛད་སྤྱོད་ཀྱི་ལས་རྣམ་གསར་པ་དང་། བྱེད་སྟངས་གསར་པ། ལྗོངས་རྣམ་གསར་པ་བཅས་སྐྱེད་སྲིད་བྱེད་དགོས། གྲོང་གསེབ་འཛུགས་སྐྲུན་དང་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས་གྲོང་གསེབ་དར་རྒྱས་ཡུག་ཁུལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དངུལ་ཁང་སྒྲིག་གཞིར་ཆེད་དོན་ཡིད་རྟོན་དངུལ་བུན་གྱི་གཟིགས་སྐྱོང་སྲིད་ཇུས་འདོན་པའི་སྐུལ་ལྕག་བྱེད་དགོས། རྒྱུན་རྣམ་ཅན་གྱི་དངུལ་རྩའི་རོགས་སྐྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། དབུལ་ལོག་དང་དབུལ་པོ་ཆགས་རྒྱུ་སྔོན་འགོག་དང་དར་རྒྱས་འགྲོ་འགོར་བའི་ས་ཁུལ་ལ་དམིགས་ནས། དངུལ་རྩའི་རོགས་སྐྱོར་བྱེད་ཤུགས་དང་། ཞིབ་ཚད། ཕན་འབྲས་བཅས་སྲ་བརྟན་དང་ལེགས་སུ་གཏོང་བ་དང་། གཞི་ཁྱོན་ཆེ་བའི་དབུལ་ལོག་དབུལ་ཕོངས་མི་ཐོན་པའི་མཐའ་ཚད་བརྟན་པོ་སྲུང་བར་རམ་འདེགས་ཧུར་ཐག་བྱེད་དགོས།