འཚོལ་བཤེར།   
藏文频道
2026ལོའི་ཟླ་4ཚེས་10ཉིན།

༄༅།།ཟླ་བ་དང་པོ་དང་གཉིས་པར་ཞབས་ཞུའི་ཕྱིར་གཏོང་དུས་མཚུངས་ལས་4.7%འཕར་བ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 04ཚེས་10ཉིན། 10:21】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཚོང་དོན་པུའུ་ནས་ཤེས་རྟོགས་བྱུང་བར། ཟླ་བ་དང་པོ་དང་གཉིས་པར་རང་རྒྱལ་གྱི་ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་དངུལ་འབོར་སྒོར་དུང་ཕྱུར་11430.7ཟིན་པ་དང་དེའི་ཁྲོད་ཕྱིར་གཏོང་སྒོར་དུང་ཕྱུར་4424.9ཟིན་ནས་དུས་མཚུངས་ལས་4.7%འཕར་ཡོད་པ་རེད།

    ཤེས་བྱ་འདུས་ཆེའི་ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་གྱི་བཟུང་ཚད་མཐོ་རུ་ཕྱིན་ཞིང་། ཟླ་བ་དང་པོ་དང་གཉིས་པར། ཤེས་བྱ་འདུས་ཆེའི་ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་4862.7ཟིན་པ་དེས་སྤྱི་ཡོངས་ཀྱི་ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་བསྡུར་ཚད་ཀྱི་42.5%ཟིན་པ་དང་། ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.3གྱིས་མཐོ་རུ་ཕྱིན་ཡོད། གཞན་ཡང་། ཤེས་བྱ་འདུས་ཆེའི་ཞབས་ཞུའི་ཕྱིར་གཏོང་སྒོར་དུང་ཕྱུར་2482.3ཟིན་པ་དེ་དུས་མཚུངས་ལས་2.4%འཕར་ཡོད་པ་རེད།

     ཡུལ་སྐོར་དང་དེ་མིན་གྱི་ཚོང་ལས་ཞབས་ཞུ་དང་སྐྱེལ་འདྲེན་བཅས་ཁྱབ་ཁོངས་ཀྱི་གཞི་ཁྱོན་ཨང་གསུམ་པར་སླེབས་ཤིང་། ཟླ་བ་དང་པོ་དང་གཉིས་པར་ཡུལ་སྐོར་གྱི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་3625.9ཟིན་ནས་རང་རྒྱལ་གྱི་ཞབས་ཞུའི་ཚོང་དོན་གཞི་ཁྱོན་གྱི་ཁྱབ་ཁོངས་ཆེ་ཤོས་ཨང་དང་པོར་སླེབས་པ་དང་། གཞན་ཡང་། ཡུལ་སྐོར་ཕྱིར་གཏོང་སྒོར་དུང་ཕྱུར་609.6ཟིན་ནས་དུས་མཚུངས་ལས་22.5%འཕར་བ་དང་། དེ་མིན་གྱི་ཚོང་ལས་ཞབས་ཞུ་དང་སྐྱེལ་འདྲེན་གྱི་ཕྱིར་གཏོང་ནང་འདྲེན་དངུལ་འབོར་སྒོར་དུང་ཕྱུར་2723.2དང་སྒོར་དུང་ཕྱུར་2122.3སོ་སོར་ཟིན་ཡོད་པ་རེད།