གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 04ཚེས་10ཉིན། 10:18】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་7ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ཟླ་3ཚེས་23ཉིན། རྒྱལ་ནང་གི་བཅོས་སྣུམ་རིན་གོང་ལེགས་སྒྲིག་བྱས་ཚུན། རྒྱལ་སྤྱིའི་ཁྲོམ་རའི་བཅོས་སྣུམ་གྱི་རིན་གོང་ལ་འཕར་ཆག་ཆེན་པོ་བྱུང་ཡོད། རྒྱལ་སྤྱིའི་སྣུམ་རིན་འཕར་བ་ལས་རྒྱལ་ནང་ལ་ཕོག་ཐུག་ཞི་ལྷོད་དུ་གཏོང་ཆེད། རྒྱལ་ཁབ་ཀྱིས་བཅོས་སྣུམ་གྱི་རིན་གོང་ལ་སྙོམས་སྒྲིག་བྱེད་ཐབས་མུ་མཐུད་སྤྱད་ཡོད། བཅོས་སྣུམ་གྱི་རིན་གོང་ལམ་སྲོལ་ལྟར་བརྩིས་ན། ཟླ་4ཚེས་7ཉིན་གྱི་ཆུ་ཚོད་24ནས་བཟུང་རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ(ཚད་ལྡན་སྣུམ)གྱི་རིན་གོང་ཁག་སོ་སོར་ཏུན་རེར་སྒོར་800དང་སྒོར་770སྤར་བ་དང་སྙོམས་སྒྲིག་བྱས་རྗེས་དངོས་སུ་སྒོར་420དང་སྒོར་400སོ་སོར་སྤར་བ་རེད།
རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་བཅོས་སྣུམ་ཐོན་སྐྱེད་ཕྱིར་ཚོང་ཁེ་ལས་ལ་བཅོས་སྣུམ་ཐོན་སྐྱེད་དང་གཏོང་འདྲེན་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པར་མཛུབ་ཁྲིད་བྱས་ནས། ཁྲོམ་རའི་མཁོ་སྤྲོད་བརྟན་པོ་ཡོང་བར་འགན་ལེན་བྱེད་པ་དང་འབྲེལ། འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་བྱས་ཏེ་ཁྲོམ་རར་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་ཀྱི་རིན་གོང་སྲིད་ཇུས་ལག་བསྟར་མི་བྱེད་པ་སོགས་ཀྱི་ཁྲིམས་འགལ་དང་སྒྲིག་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ། ཁྲོམ་རའི་སྒྲིག་ལམ་དང་འཛད་སྤྱོད་པའི་ཁེ་ཕན་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ་རེད།