གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 04ཚེས་10ཉིན། 10:17】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་ཝུའུ་ལུའུ་མུའུ་ཆི་ནས་ཟླ་4ཚེས་6ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་མི་སྤྱི་ཐིང་ནས་ཤེས་རྟོགས་བྱུང་བར། ཟླ་4ཚེས་8ཉིན་ནས་བཟུང་། ཤིན་ཅང་གི་མི་སྤྱིའི་སྲིད་འཛིན་དབང་ཆ་ཁག་110ལེགས་སྒྲིག་གཤམ་སྤྲོད་བྱ་རྒྱུའི་ནང་སྲིད་འཛིན་ཆོག་འཐུས་རྣམ་གྲངས་ཁག་7དང་། སྲིད་འཛིན་ཆད་གཅོད་རྣམ་གྲངས་ཁག་83 སྲིད་འཛིན་བཙན་ཤེད་རྣམ་གྲངས་ཁག་2 སྲིད་འཛིན་ཞིབ་བཤེར་རྣམ་གྲངས་ཁག་11 སྲིད་འཛིན་དབང་ཆ་གཞན་དག་ཁག་7བཅས་ཡོད་པ་དང་གཤམ་སྤྲོད་བྱེད་ཚད་92%ཟིན་ཏེ། མི་སྤྱིའི་ཁྱབ་ཁོངས་ཀྱི་སྲིད་འཛིན་དབང་ཆ“གཤམ་སྤྲོད་བྱེད་དགོས་རིགས་ཚང་མ་གཤམ་སྤྲོད”བྱས་ནས་སྲིད་དོན་ཞབས་ཞུ་ལེགས་གཏོང་དང་མང་ཚོགས་ཀྱིས་འགྲོ་ལུགས་གཉེར་བར་སྟབས་བདེ་བསྐྲུན་རྒྱུ་རེད།
ད་ཐེངས་ཀྱི་སྲིད་འཛིན་དབང་ཆ་ལེགས་སྒྲིག་དེ་རིགས་གཉིས་སུ་དབྱེ་ནས་སྤེལ་རྒྱུ་ཡིན་པ་སྟེ། གཅིག་ནི་ལག་རྩལ་བཟོ་པའི་སློབ་གྲྭ་དང་རྩལ་ནུས་གསོ་སྦྱོང་གི་ཞིབ་མཆན་འགོད་པ་དང་ཐོ་འགོད་སྙན་སེང་ཞུ་བ་སོགས་ཆེད་ལས་རང་བཞིན་ཅུང་ཆེ་བའི་དབང་ཆ་རང་སྐྱོང་ལྗོངས་མི་སྤྱི་སྡེ་ཚན་གྱིས་ས་གནས(ཀྲོའུ་དང་གྲོང་ཁྱེར)ཁག་གི་མི་སྤྱི་སྡེ་ཚན་ལ་སྤྲོད་རྒྱུ་མ་ཟད་ཚད་གཞི་ལྗོངས་ཡོངས་དང་གཅིག་གྱུར་ཡིན་པ་དང་། གཉིས་ནི་ངལ་ནུས་མངགས་གཏོང་གཉེར་སྐྱོང་ཆོག་འཐུས་དང་ངལ་རྩོལ་མི་སྤྱོད་ཐོ་འགོད་སོགས་རྣམ་གྲངས་ཁག་105ཡི་གཙོ་གནད་ལས་དོན་རྫོང(གྲོང་ཁྱེར་དང་ཆུས)ཁག་གི་མི་སྤྱི་སྡེ་ཚན་ལ་གཤམ་སྤྲོད་བྱ་རྒྱུ་དེ་རེད།
དབང་ཆ་ལེགས་སྒྲིག་བརྟན་པོའི་ངང་བར་བརྒལ་ཐུབ་པ་བྱ་ཆེད། རང་སྐྱོང་ལྗོངས་མི་སྤྱི་སྡེ་ཚན་གྱིས་གསལ་ཐོའི་རྣམ་པའི་ཐོག་ནས་རྩིས་སྤྲོད་བྱ་རྒྱུ་དང་། གཞི་རིམ་གྱི་ལས་སྒྲུབ་མི་སྣར་ཕྱོགས་ཡོངས་ནས་གསོ་སྦྱོང་བྱ་རྒྱུ། བར་བརྒལ་དུས་སྐབས་སུ་མང་ཚོགས་ཀྱིས་དྲ་ཐོག་ནས་འགྲོ་ལུགས་གཉེར་སྐབས“དྲ་གཅིག་ཀུན་སྒྲུབ”བམ་ཡང་ན་མི་སྤྱི་སྡེ་ཚན་གྱི་ཞབས་ཞུའི་ཐད་སྦྲེལ་ཁ་པར་བརྒྱབ་ནས་སྒྲུབ་རོགས་བྱེད་དུ་འཇུག་རྒྱུ་བཅས་རེད། དབང་ཆ་ལེགས་སྒྲིག་བྱས་རྗེས་རང་སྐྱོང་ལྗོངས་མི་སྤྱི་སྡེ་ཚན་གྱིས་དོན་ཚན་དང་གྲངས་གཞི་རང་སྐྱོང་ལྗོངས་ཡོངས་ཀྱི་གཅིག་གྱུར་ཚད་གཞི་དང་གཅིག་མཐུན་ཡོང་བར་སྐུལ་འདེད་བཏང་ནས“ལས་དོན་མ་སྒྲུབ་གོང་གི་མཛུབ་ཁྲིད་དང་། ལས་དོན་སྒྲུབ་རིང་གི་ལྟ་སྐུལ། ལས་དོན་བསྒྲུབས་རྗེས་ཀྱི་ཞིབ་བཤེར”བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ལྟ་སྐུལ་དོ་དམ་མ་ལག་འཛུཌ་པ་དང་འབྲེལ། དུས་བཀག་ལྟར་དཔྱད་དཔོག་བྱས་ཏེ་དགོས་མཁོར་གཞིགས་ནས་དབང་ཆའི་དོན་ཚན་དུས་ཐོག་ཏུ་ལེགས་སྒྲིག་དང་། མེད་པར་བཟོ་བ། བསྡུ་བ་བཅས་བྱས་ཏེ། བཀོད་སྒྲིག་ཚན་རིག་ལུགས་མཐུན་དང་དོན་དངོས་དང་འཚམ་པ་བྱ་རྒྱུ་རེད།