འཚོལ་བཤེར།   
藏文频道
2026ལོའི་ཟླ་4ཚེས་9ཉིན།

༄༅།།རང་རྒྱལ་གྱི་རིག་ནུས་སྐད་བརྡའི་སྤུས་ཚད་གདེང་འཇོག་དང་ཚད་ལྡན་ཅན་མུ་མཐུད་རྒྱལ་སྤྱིའི་མདུན་གྲལ་དུ་སླེབས་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 04ཚེས་09ཉིན། 14:48】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པས་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། རང་རྒྱལ་གྱི་ཞིབ་འཇུག་ཚོགས་པས་རྒྱལ་སྤྱིའི་གློག་ལས་ཨུ་ལྷན(IEC)རྒྱལ་སྤྱིའི་ཚད་གཞིའི་ལས་དོན་ཚོགས་ཆུང་སྒྲིག་འཛུགས་བྱས་ནས་རྒྱལ་སྤྱིའི་ཚད་གཞིའི་ཁྲོད་དུ་བརྒྱུད་རིམ་ཧྲིལ་པོའི་སྐད་བརྡའི་སྤུས་ཚད་གདེང་འཇོག་ཇུས་གཞི་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་བཏོན་པ་དང་འབྲེལ། ལེ་ལག་ཚང་བའི་ཡོ་བྱད་ཞིབ་བཟོ་བྱས་ཏེ་རྒྱལ་སྤྱིའི་ཚད་གཞི་ཁག་3གཙོ་ཁྲིད་བྱས་ནས་བཟོས་པས་རྒྱལ་ཁབ་ཕྱི་ནང་གི་དེའི་ཐད་ཀྱི་སྟོང་ཆ་བསྐངས་ཡོད། དེའི་ནང་ལེགས་གྲུབ་བྱུང་བའི་ཚད་གཞིའི་དགོས་ངེས་ཀྱི་ཁེ་བེད་བདག་ཐོབ(SEP)གསལ་བསྒྲགས་རབ་དང་རིམ་པར་ལག་རྩལ་གྱི་ལེགས་ཆ་སྒྲུབ་ནས་ཕྱི་རྒྱལ་གྱི་ཁེ་བེད་བདག་ཐོབ་ཆོག་འཐུས་ལ་རིམ་བཞིན་སྐུལ་འདེད་བཏང་ཡོད། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ལས་དོན་ཚོགས་ཆུང་གི་ལས་ཀའི་ཁྱབ་ཁོངས་དེ“ཕན་ཚུན་སྐད་ཆ་ཤོད་བྱེད་ཀྱི་མ་ལག”བར་རྒྱ་ཆེར་བཏང་ནས་ཆེད་དོན་དྲ་རྒྱའི་ཕན་ཚུན་སྐད་ཆ་ཤོད་པའི་བཀོལ་སྤྱོད་ཚང་མར་ཁྱབ་པ་དང་། “དམིགས་ཚད་གཏན་འཁེལ”གྱི་གཙོ་ཁྲིད་དབང་ཆར་ཚོད་འཛིན་ཐུབ་ནས། རང་རྒྱལ་གྱི་སྐད་བརྡའི་སྤུས་ཚད་གདེང་འཇོག་ཆུ་ཚད་མུ་མཐུད་ཁྱབ་ཁོངས་ཧྲིལ་པོའི་རྒྱལ་སྤྱིའི་མདུན་གྲལ་དུ་རྒྱུན་འཁྱོངས་ཐུབ་ཡོད།

     “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་རྒྱལ་ནང་གི་ལེགས་ཆའི་ཚན་རྩལ་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་གྲངས་འཛིན་སྐད་བརྡའི་རིག་ནུས་སྤེལ་རེས་གདེང་འཇོག་ལག་རྩལ་དང་དེ་བཞིན་ཚད་གཞིར་ཞིབ་འཇུག་བྱས་པས། གསར་གཏོད་ཀྱི་གྲུབ་འབྲས་རབ་དང་རིམ་པ་ཐོབ་ནས་རང་རྒྱལ་གྱི་རིག་ནུས་སྐད་བརྡའི་སྤེལ་རེས་སྤུས་ཚད་གདེང་འཇོག་དང་ཚད་ལྡན་ཅན་ཁྱབ་ཁོངས་སུ་ཚད་བརྒལ་ཡོང་བར་སྐུལ་འདེད་བཏང་ཡོད།

     ཞིབ་འཇུག་ཚོགས་པས་རིག་ནུས་སྐད་བརྡའི་སྤེལ་རེས་བཀོལ་སྤྱོད་གསར་གཏོད་ལ་གཞིགས་ནས་ལག་རྩལ་གསར་པ་མང་པོ་བཏོན་པ་དང་རིག་ནུས་སྐད་བརྡའི་སྤུས་ཚད་གདེང་འཇོག་སྒྲོམ་གཞི་བཏོད་དེ། ནུས་པ་ཆེ་རུ་གཏོང་བའི་དཔེ་དབྱིབས་ཆེན་པོ་རྒྱུན་མཐུད་ངང་རིམ་འཇུག་བྱེད་པ་དང་། སྐད་ཡིག་མང་བའི་རིག་ནུས་ཐོན་རྫས་བེད་སྤྱོད་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་བ། གློག་འཕྲིན་ཁ་བསླུས་གྱོད་གཞི་རྩད་ཆོད་ཐུབ་པར་རམ་འདེགས་བྱེད་པ། རིག་ནུས་ཉེན་རྟོག་ལས་དོན་དང་སྤྱི་བདེ་ཉེན་རྟོག་རིགས་ཁག་གི་མཉམ་འབྲེལ་དམག་འཐབ་ལ་འདེགས་སྐྱོར་བྱེད་པ། ལག་རྩལ་དགེ་སྒྲུབ་ལ་ཁྲིད་སྟོན་བཅས་བྱས་ནས། རང་རྒྱལ་གྱི་སྐད་བརྡའི་ལག་རྩལ་ཡར་ཐོན་དང་ལས་རིགས་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད་པ་རེད།