འཚོལ་བཤེར།   
藏文频道
2026ལོའི་ཟླ་4ཚེས་9ཉིན།

༄༅།།པེ་ཅིང་གིས་རིག་ནུས་དྲ་སྦྲེལ་རླངས་འཁོར་གྱི་འགན་བཅོལ་གསར་སྤེལ་བེད་སྤྱོད་བྱེད་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 04ཚེས་09ཉིན། 14:47】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་པེ་ཅིང་དངུལ་རྩ་ལྟ་འདོམས་ཅུས་ནས་ཤེས་རྟོགས་བྱུང་བར། པེ་ཅིང་གིས་རིག་ནུས་དྲ་སྦྲེལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ཚོང་ལས་འགན་བཅོལ་གསར་སྤེལ་བེད་སྤྱོད་ཀྱི་ལས་དོན་སྤེལ་འགོ་ཚུགས་ཤིང་། L2རིམ་པའི་རམ་འདེགས་རླངས་འཁོར་ལ་མཚོན་ན། འཁོར་བདག་གིས་པེ་ཅིང་ནས་རླངས་འཁོར་གསར་པ་ཉོས་རྗེས་རང་འདོད་ལྟར་ཆེད་གཏོགས་ཐོན་རྫས་སམ་ཡང་ན་ད་ཡོད་ཀྱི་རླངས་འཁོར་འགན་བཅོལ་ཐོན་རྫས་འདེམས་ཆོག་པ་དང་པེ་ཅིང་འགན་བཅོལ་ལས་རིགས་མཐུན་ཚོགས་ཀྱིས་ཆེད་གཏོགས་ཐོན་རྫས་ཐད་སྤྱོད་པའི་རླངས་འཁོར་གྱི་ཁེ་ལས་དང་འཁོར་དབྱིབས་ཁག་ཐེངས་དབྱེ་ནས་ཁྱབ་བསྒྲགས་བྱེད་ཀྱི་ཡོད། L3དངL4རིམ་པའི་རང་འགུལ་རླངས་འཁོར་པེ་ཅིང་དུ་བཅའ་ཁྲིམས་དང་སྒྲིག་སྲོལ་གྱི་གཏན་འབེབས་གཞིར་བཟུང་ཚད་ལེན་ཚོད་ལྟ་བྱས་པའམ་ཡང་ན་དངོས་སུ་འགྲོ་ལམ་ཐོག་སྐྱོད་ཆོག་པའི་ཐོབ་ཐང་རག་པའི་རླངས་འཁོར་ཚང་མར་ཆེད་གཏོགས་ཐོན་རྫས་སྤྱོད་ཆོག་པ་དང་འབྲེལ་ཡོད་ཆེད་གཏོགས་ཐོན་རྫས་ཀྱི་ཆ་རྐྱེན་འཛོམས་རྗེས་གང་མགྱོགས་དོན་འཁྱོལ་བྱ་རྒྱུ་ཡིན་པ་རེད།