གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 04ཚེས་08ཉིན། 15:32】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་དབྱི་སི་ལམ་པོ་ནས་ཟླ་4ཚེས་3ཉིན་གློག་འཕྲིན་འབྱོར་གསལ། “ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་། མཛེས་སྡུག་ལྡན་པའི་ཕུགས་འདུན། ལས་དབང་གཅིག་མཐུན་ཚོགས་པ”བཅས་ཀྱི་བརྗོད་དོན་གཙོ་བོའི་བགྲོ་གླེང་ཚོགས་འདུ་ཟླ་4ཚེས་2ཉིན་ཕ་ཁི་སི་ཐན་གྱི་རྒྱལ་ས་དབྱི་སི་ལམ་པོར་འཚོགས་ཤིང་། ཀྲུང་གོ་དང་ཕ་ཁི་སི་ཐན་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་དཔོན་དང་། མཁས་དབང་། ཁེ་ལས་མཁས་ཅན། སྨྱན་སྦྱོར་གྱི་འཐུས་མི་བཅས་མི་50ལྷག་ཙམ་ཚོགས་འདུར་ཞུགས་ཡོད། ཚོགས་འདུ་ཕ་ཁི་སི་ཐན་རིག་མཛོད་ཀྱི་ཕ་ཁི་སི་ཐན་དང་ཀྲུང་གོའི་དཔལ་འབྱོར་རིག་གནས་ལས་འཛིན་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པ་རེད།