འཚོལ་བཤེར།   
藏文频道
2026ལོའི་ཟླ་4ཚེས་8ཉིན།

༄༅།།བོད་ཀྱི་ཡར་ལངས་ཞིང་བྲན་གྱི་བརྙན་པར་ཡིག་ཚགས།

དཀའ་སྡུག་དང་ཚེ་སྲོག་གསར་པ། ཚེ་རིང་བསམ་གྲུབ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 04ཚེས་08ཉིན། 15:28】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

འདི་ནི་ཚེ་རིང་བསམ་གྲུབ(དཀྱིལ)དང་ཚ་མོ་དང་ཡང་ཚ་བཅས་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་གྱི་ཁྱིམ་དུ་བརྒྱབ་པའི་དྲན་རྟེན་པར་ཡིན་པ།

འདི་ནི་ཚེ་རིང་བསམ་གྲུབ(དཀྱིལ)དང་ཚ་མོ་དང་ཡང་ཚ་བཅས་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་གྱི་ཁྱིམ་དུ་བརྒྱབ་པའི་དྲན་རྟེན་པར་ཡིན་པ།

 འདི་ནི་ཚེ་རིང་བསམ་གྲུབ་ཡིན་པ།

འདི་ནི་ཚེ་རིང་བསམ་གྲུབ་ཡིན་པ།

ད་ལོ་ལོ་83ལ་སླེབས་པའི་ཚེ་རིང་བསམ་གྲུབ་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་ནས་ཡིན་པ་དང་། བོད་རྙིང་པའི་དཀའ་སྡུག་གི་ལོ་ཟླར་ཕྱིར་དྲན་བྱེད་སྐབས་བགྲེས་སོང་ཁོང་གིས་གསུངས་པའི་སྐད་ཆ་ཚང་མ་སྤྱི་ཚོགས་རྙིང་པར་དཀའ་སྡུག་ཚད་མེད་མྱངས་པའི་སྐོར་རེད་འདུག

ཚེ་རིང་བསམ་གྲུབ་ཀྱི་ཨ་ཕ་ནི་འཚེམ་བཟོ་བ་ཞིག་ཡིན་ཞིང་། ཞིང་བྲན་བདག་པོ་དང་དུད་ཚང་ཆེ་གྲས་ལ་གྱོན་གོས་དང་ལྷམ་འཚེམ་གྱི་ཡོད། འོན་ཀྱང་རང་ཉིད་ལ་ལྷན་པས་ཁེངས་པའི་གྱོན་ཆས་ལས་གྱོན་རྒྱུ་མེད་པ་དང་། གླ་ཆ་ཕྲན་བུ་དེར་བརྟེན་ནས་ཁྱིམ་ཚང་གཅིག་གི་འཚོ་བ་འཕྱིད་ཐབས་བྱེད་ཀྱི་ཡོད། ཚེ་རིང་བསམ་གྲུབ་ཀྱི་ཨ་མ་ནི་ཞིང་བྲན་བདག་པོའི་བྲན་གཡོག་ཡིན་པ་དང་། ལོ་གཅིག་ནང་ལོ་གསར་གཏོང་སྐབས་ངལ་གསོ་ཉིན་གསུམ་བཞི་ཙམ་རྒྱག་རྒྱུ་ཡོད་པ་མ་གཏོགས་ཚེ་གང་བྲན་གཡོག་གི་ལས་ཀ་བྱེད་དགོས་ཀྱི་ཡོད།

ཚེ་རིང་བསམ་གྲུབ་ཀྱིས“སྐབས་དེ་དུས་མི་ལུས་རང་དབང་སྤུ་ཙམ་ཡང་མེད། ང་ཚོ་ཞིང་བྲན་ལ་ཐ་ན་ནམ་འཚོའི་བར་གསོན་པའི་ཐོབ་ཐང་ཡང་མེད། ཕ་མེས་ཚོས་ཡི་གེ་ཤེས་ཀྱི་མེད་སྟབས་ཕྲུ་གུར་ཡི་གེ་སློབ་ཐབས་བྲལ་བ་དང་། མི་རབས་ནས་མི་རབས་བར་དཀའ་སྡུག་གི་གནས་ལས་ཐར་ཐབས་བྲལ་བ་རེད”ཅེས་མྱོང་ཚོར་ཟབ་མོས་བཤད།

“བདེ་སྐྱིད་ལྡན་པའི་འཚོ་བ་དེ་ལྟ་བུ་བོད་རྙིང་པའི་སྐབས་བསམ་པའི་ཡུལ་ལའང་འཁོར་མྱོང་མེད་པ་ཞིག་རེད”ཅེས་ད་ཆའི་འཚོ་བའི་སྐོར་གླེང་སྐབས་ཚེ་རིང་བསམ་གྲུབ་ཀྱིས་དགའ་ཚོར་ཆེན་པོས་བཤད། ད་ཆ་ཁོང་གི་ཚ་མོས་རང་ཁྱིམ་གྱི་ས་ཆར་མགྲོན་ཁང་བཙུགས་པ་དེ་བསམ་ཡས་གྲོང་རྡལ་གྱི་འཁྲུག་ཆ་དོད་པའི་ཚོང་ལས་ཁྲོམ་གཞུང་དང་ཐག་ཉེ་བས་ལོར་ཡོང་འབབ་སྒོར་ཁྲི་བཅུ་གྲངས་ཡོང་གི་ཡོད། ཚེ་རིང་བསམ་གྲུབ་རྒྱ་ཆེ་ལ་དཀར་ཆ་དོད་པའི་ཐོག་སོ་ཉིས་ལྡན་གྱི་བོད་བཟོའི་སྡོད་ཁང་དུ་སྡོད་པ་དང་། ཕྱིར་སྐྱོད་སྐབས་སྟབས་བདེའི་འགྲིམ་འགྲུལ་ཡོ་བྱད་ཡོད། གྲོང་པ་ཁྱིམ་མཚེས་དང་འཆམ་ལ་འཚོ་བ་བདེ་སྐྱིད་ཕུན་སུམ་ཚོགས་པས་རྒྱུན་དུ་དགའ་སྤྲོའི་དཔལ་ལ་རོལ་བཞིན་ཡོད།