གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 03ཚེས་25ཉིན། 14:28】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
བོད་ལྗོངས་དཔྱིད་རྨོད་སོན་འདེབས་ཀྱི་མཛད་སྒོ་ནི་བོད་རིགས་མང་ཚོགས་ཀྱི་ཞིང་ལས་དུས་ཆེན་གཟབ་རྒྱས་ཤོས་ཤིག་རེད། ལོ་ལྟར་གྱི་དཔྱིད་ཀར་མི་རྣམས་ཀྱིས་ལོ་ངོ་སྟོང་ལ་རྒྱུན་འཛིན་བྱས་པའི་བོད་ཀྱི་གནམ་རིག་ལོ་ཐོ་ལྟར་བཀྲ་ཤིས་ཉིན་མོར་བརྗིད་ཉམས་ལྡན་པའི་མཛད་སྒོའི་ཐོག་ནས་ལོ་ཧྲིལ་པོའི་ཞིང་ལས་འགོ་ཚུགས་པ་རེད། ང་ཚོས་མཉམ་དུ་གངས་ལྗོངས་ས་མཐོའི་སྐྱེ་སྟོབས་དང་དགའ་སྤྲོ་མྱོང་རོལ་བྱེད།