གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 03ཚེས་23ཉིན། 13:49】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

ཁྲུང་ཆིང་གྲོང་ཁྱེར་ནས་ཁུན་མིང་གྲོང་ཁྱེར་བར་གྱི་ཡུས་ཁུན་མྱུར་བགྲོད་ལྕགས་ལམ་ནི་རང་རྒྱལ་གྱི“གཞུང་བརྒྱད་འཕྲེད་བརྒྱད”ཀྱི་མྱུར་བགྲོད་ལྕགས་ལམ་དྲ་བའི་ཅིང་ཁུན་བགྲོད་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ལམ་ཐིག་ལ་མེ་འཁོར་ཤར་གཏོང་ཐུབ་རྗེས་ཁྲུང་ཆིང་ནས་ཁུན་མིང་བར་གྱི་ལམ་ཐག་ཆུ་ཚོད་གཉིས་དང་ཕྱེད་ཀ་ཙམ་ཐུང་དུ་འགྲོ་རྒྱུ་རེད། འདི་ནི་ཡུན་ནན་ཁུན་མིང་གྲོང་ཁྱེར་སུང་མིང་རྫོང་གི་ཡུས་ཁུན་མྱུར་བགྲོད་ལྕགས་ལམ་གྱི་ཡུན་ནན་དུམ་བུར་ལྕགས་ལམ་དངོས་སུ་འདིང་བཞིན་པ།