གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 03ཚེས་23ཉིན། 13:48】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

ཉེ་ཆར། སི་ཁྲོན་མེ་ཟོན་རོགས་སྐྱོབ་སྐབས་བསྟུན་སྤྱི་ཁྱབ་རུ་ཁག་གིས་ཁྲེང་ཏུར་གནས་པའི་རྒྱལ་ཁབ་ལྷོ་ནུབ་ས་ཁོངས་འཕྲལ་སྡོམ་རོགས་སྐྱོབ་ལྟེ་གནས་སུ་མེ་གསོད་རུ་མི་གསར་པའི་ལས་ཞུགས་སྦྱོང་བརྡར་གྱི་སློབ་མཇུག་བསྒྲིལ་བ་དང་ནང་མིར་སྒོ་མོ་དབྱེ་བའི་ཉིན་མོའི་བྱེད་སྒོ་སྤེལ་ཞིང་། གཉེན་ཉེ་དང་འཐབ་གྲོགས་ཀྱི་བདེན་དཔང་འོག་མེ་གསོད་རུ་མི་གསར་པ་262སི་ཁྲོན་དང་། ཁྲུང་ཆིང་། བོད་ལྗོངས་བཅས་ས་ཁུལ་གྱི་གཞི་རིམ་གྱི་འཐབ་ས་དང་པོར་རང་བྱུང་གནོད་འཚེ་སྣ་ཚོགས་ལ་ཁ་གཏད་གཅོག་པར་བསྐྱོད་རྒྱུ་རེད། འདི་ནི་གསར་དུ་ལས་ཀར་ཞུགས་པའི་མེ་གསོད་རུ་མིས་ཐག་འཁྱུད་སྦྱོང་བརྡར་བྱེད་བཞིན་པ།