འཚོལ་བཤེར།   
藏文频道
2026ལོའི་ཟླ་3ཚེས་21ཉིན།

༄༅།།“ལས་སྒྲུབ་ལས་གཏོད་བྱེད་པར་ངེས་པར་དུ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་དགོས”

འདི་ག་ཚགས་པར་གྱི་གསར་འགོད་པ། ཞུས་ནུའོ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 03ཚེས་21ཉིན། 10:43】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     “དུས་རབས་གསར་པའི་གྲུབ་འབྲས་རླབས་པོ་ཆེ་ནི་ཏང་དང་མི་དམངས་ཀྱིས་མཉམ་དུ་དཀའ་སྤྱད་དང་། དོན་གཉེར། འབད་འཐབ་བཅས་བྱས་པ་ལས་བྱུང་བ་ཞིག་རེད”ཅེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་གནང་བའི་ཆོད་གཏམ་གལ་ཆེན་ལ་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད།

     “སྟོང་གཏམ་གྱིས་རྒྱལ་དོན་འཕྱུག དོན་དམ་གྱིས་རྒྱལ་ཁབ་དར”དང“དམངས་ཆེད་སྲིད་དོན་ལས་རྗེས་ཐོན་པ་དང་། དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་ལས་རྗེས་ཐོན་པར་བྱེད་དགོས”ཞེས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་སྒྲུབ་ཐད་ནན་བཤད་ཡང་ཡང་གནང་ཡོད། འདི་ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་ཐོག་སྤྱི་ཁྱབ་ཧྲུའུ་ཅིས“འཆར་འགོད་ཡག་པོ་བཟོ་བར་ད་དུང་ལག་བསྟར་ལ་སྐུལ་འདེད་གཏོང་དགོས་པ་དང་། འཆར་འགོད་ཡག་པོ་དང་ལག་ལེན་བསྟར་ནུས་གཉིས་ཟུང་འབྲེལ་བྱེད་དགོས”བརྗིད་ཆེའི་འཆར་གཞི་དོན་འཁྱོལ་བྱ་རྒྱུ་གལ་ཆེ་ལ། དོན་འཁྱོལ་བྱེད་པའི“ལག་ལེན་བསྟར་ནུས”ཀྱིས་རིམ་ཁག་ཏང་ཡོན་དང་ལས་བྱེད་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བར་ཚོད་བགམ་བྱེད་ཀྱི་ཡོད།

     “ལས་སྒྲུབ་ལས་གཏོད་བྱེད་པར་ངེས་པར་དུ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་དགོས”ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བར་བརྟེན་ནས་ལས་སྒྲུབ་ལས་གཏོད་བྱེད་པའི་ཐད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བླང་བྱ་ཁ་གསལ་བཏོན་གནང་ཡོད་ལ། ཚན་རིག་དང་མཐུན་པའི་ཁྲིད་སྟོན་ཡང་གནང་ཡོད།

     ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བར་བརྟེན་ནས་ལས་སྒྲུབ་ལས་གཏོད་བྱེད་པར་མིག་སྔ་དང་ཕུགས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས།

     “ཁ་ཚ་དགོས་གཏུག་གི་ལས་འགན་བཤད་པ་ལྟར་འཕྲལ་མར་ལག་ལེན་བསྟར་བ་དང་དམ་འཛིན་ཏན་ཏིག་གིས་མགྱོགས་མྱུར་སྒྲུབ་པ་ལས། དལ་དལ་ལྷོད་ལྷོད་དང་ཀ་རེ་ཀོ་རེ་བྱེད་མི་རུང་། ཡུན་རིང་གི་ལས་འགན་ཐད་འཐབ་ཇུས་ཀྱི་ངེས་ཤུགས་དང་ངང་རྒྱུད་རིང་པོ་རྒྱུན་འཁྱོངས་ཀྱིས་འཆར་གཞི་གཅིག་མཐར་ཕྱིན་པར་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཆུ་ཐིགས་ཀྱིས་བྲག་ལ་ཨི་ཁུང་འབིགས་པ་ལྟར་གྱི་སྙིང་རུས་གཏན་འཁྱོངས་བྱེད་དགོས”ལས་སྒྲུབ་ལས་གཏོད་བྱེད་པར་མིག་སྔ་དང་ཕུགས་དང་། མགྱོགས་པོ་དང་དལ་པོའི་དབར་གྱི་རྩོད་སྒྲུབ་རིག་པ་ཐོག་མཐའ་བར་གསུམ་དུ་ཁོང་དུ་ཆུད་པར་བྱེད་དགོས།

     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཞུང་ཨན་ཁུལ་གསར་འཛུགས་སྐྲུན་བྱེད་པ་ནི་ལོ་ངོ་སྟོང་གི་ཇུས་ཆེན་ཞིག་ཡིན་པས་སྙིང་རུས་གཏན་འཁྱོངས་བྱེད་དགོས་པ”དང“སྐུལ་འདེད་ཏན་ཏིག་བཏང་ནས་ལོ་རྒྱུས་ལ་ངོ་གནོངས་མི་དགོས་པ་དང”“ལས་དོན་བྲེལ་འཚུབ་ཀྱིས་སྤེལ་མི་རུང་ལ། གནས་སྐབས་ཀྱི་རྟགས་མཚོན་ལས་གྲྭའང་གཉེར་མི་རུང”ཞེས་ནན་བཤད་གནང་ཡོད།

     མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་དངོས་འཛིན་དངོས་སྒྲུབ་ཀྱིས“ལོ་ངོ་སྟོང་གི་ཇུས་ཆེན”དེ“ལོ་ངོ་སྟོང་གི་མཛེས་སྡུག་ལྡན་པའི་ནགས་ཚལ”ནས་འགོ་བཙུགས་ཏེ་མིག་སྔ་དང་ཕུགས་ལ་སྤྱི་འདོམས་དང་མགྱོགས་རྩལ་དང་དལ་རྩལ་མཉམ་དུ་སྦྱོང་དགོས། ལོ་ཤས་རིང་། གྲོང་ཁྱེར་གསར་པ་ཞིག་རིམ་བཞིན་གྲུབ་ནས་ཞུང་ཨན་འདི་ཉིད་ཚད་གཞི་མཐོ་ཞིང་སྤུས་ཚད་མཐོ་བའི་དེང་རབས་ཅན་གྱི་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་དུས་མཚམས་གསར་པར་སླེབས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྒྱུག་མཐུད་དབྱུག་པ”དང“རྒྱུག་མཐུད་བང་རྩལ”དཔེ་རུ་ཐེངས་མང་བཞག་གནང་ནས་བྱ་གཞག་ཁག་ལ“མུ་མཐུད་འབད་བརྩོན་བྱེད་དགོས”ཞེས་ནན་བཤད་གནང་བ་དང་། ཏང་ཡོན་དང་ལས་བྱེད་པར“བྱས་འབྲས་ཐོབ་པར་ངས་མི་རྩོད་པའི་བསམ་པའི་གོ་རྟོགས་དང་བྱས་རྗེས་འཇོག་པར་ང་ཡིས་འབད་པའི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་ཡོད་དགོས”ཞེས་རྒྱུག་མཐུད་བང་རྩལ་འགྲན་བསྡུར་ལྟར་བྱ་བ་རེ་རེ་བཞིན་མུ་མཐུད་སྒྲུབ་དགོས་པའི་ལྕག་སྐུལ་གནང་ཡོད།

     ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བར་བརྟེན་ནས་ལས་སྒྲུབ་ལས་གཏོད་བྱེད་པར་མངོན་འབྲས་དང་སྦས་འབྲས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས།

སྲིད་དོན་ལས་རྗེས་ནི“འཕྲལ་མར་ཕན་འབྲས་ཐོན་པའི་མངོན་འབྲས་ནས་མངོན་ཡོད་ལ། རྨང་གཞི་འདིང་བ་དང་། གཏིང་ཤུགས་ཆེ་རུ་གཏོང་བ། ཕུགས་ལ་ཕན་པ་བཅས་ཀྱི་སྦས་འབྲས་ནས་ཀྱང་མངོན་ཡོད”པས“མངོན”དང“སྦས”རྩོད་སྒྲུབ་གཅིག་གྱུར་ཐོག་ནས། གུང་ཁྲན་ཏང་མིའི་འགྱུར་མེད་ལས་སྒྲུབ་ལས་གཏོད་བྱེད་པའི་བྱ་སྤྱོད་ཀྱི་བརྩི་སྲུང་བྱ་ཡུལ་དང་ལོ་ངོ་སྟོང་གི་བྱ་གཞག་རླབས་པོ་ཆེ་སྒྲུབ་པའི་བླ་ན་མེད་པའི་གོ་རྟོགས་མངོན་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཟིགས་རྒྱང་ཧ་ཅང་རིང་ཞིང་། ཁོང་གིས“མི་སེར་ཚོས་མཐོང་ཐུབ་པ་དང་། ཚོར་ཐུབ་པ། ཕན་པ་ཐོབ་ཐུབ་པ་བཅས་ཀྱི་བྱ་བ་དངོས་སྒྲུབ་དགོས་ལ། མི་རབས་རྗེས་མར་མཐུན་རྐྱེན་སྐྲུན་པ་དང་། རྨང་གཞི་འདིང་བ། ཕུགས་ལ་ཕན་པ་བཅས་ཀྱི་བྱ་བ་བཟང་པོ་ཡང་སྒྲུབ་དགོས། མངོན་འབྲས་འཇོག་དགོས་ལ་སྦས་འབྲས་ཀྱང་འཇོག་དགོས”ཞེས་གསུངས་ཡོད།

     2016ལོའི་ཟླ་དང་པོར་འབྲི་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དེ་རིང་ཁྱེད་ཚོ་བློ་ཕམ་སྐྱེ་སྲིད། ད་ཐེངས་གྲོས་བསྡུར་བྱེད་པ་ནི་འཕེལ་རྒྱས་ཀྱི་གནད་དོན་མ་ཡིན་པར་སྲུང་སྐྱོང་གི་གནད་དོན་ཡིན”ཞེས་དང “མིག་སྔ་དང་སླད་ཕྱིན་གྱི་དུས་ཡུན་ཧ་ཅང་རིང་པོའི་ནང་། འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་སླར་གསོ་བྱ་རྒྱུ་དེ་གནས་བབ་གལ་ཆེ་ཤོས་སུ་འཇོག་དགོས”ཞེས་གསུངས་ཡོད།

      གཙང་ཆུ་སྔོན་མོ་ཤར་ཕྱོགས་སུ་རྒྱུག་ཐུབ་པ་དང་སྲུང་སྐྱོང་ཆེན་པོར་མཉམ་དུ་དམ་འཛིན་དང་གསར་སྤེལ་ཆེན་པོ་མི་བྱེད་པའི་ཆེད་དུ། ཏང་ཀྲུང་དབྱང་གིས་བློ་བརྟན་འགྱུར་མེད་ངང་འབྲི་ཆུའི“ལོ་བཅུའི་རིང་ཉ་རྒྱ་སྡོམ་པའི”ལས་དོན་ལ་སྐུལ་འདེད་བཏང་བ་དང་། འབྲི་ཆུའི་འབབ་རྒྱུད་ཞིང་ཆེན་གྱིས་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་རྫས་འགྱུར་བཟོ་ལས་ཁེ་ལས་སྒོ་རྒྱག་པ་དང་། གནས་སྤོ། གཞན་སྒྱུར་བཅས་བྱས་ནས་སྐྱེ་ཁམས་ཁོར་ཡུག་སླར་གསོ་ཡོང་བར་སྲུང་སྐྱོང་བྱས་ཡོད།

     གྲངས་གཞི་ལས“མངོན་འབྲས”དང“སྦས་འབྲས”ལེགས་པར་མངོན་པ་སྟེ། ལོ་10ཡི་རིང་འབྲི་ཆུའི་རྒྱུད་ཀྱི་དཔལ་འབྱོར་ཁུལ་གྱི་ཆུའི་སྤུས་ཚད་ལེགས་པའི་བསྡུར་ཚད་67%ནས་96.5%བར་མཐོ་རུ་ཕྱིན་པ་དང་། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལྡབ་གཅིག་ལྷག་འཕར་བ་དེས་རྒྱལ་ཡོངས་ཀྱི་བསྡུར་ཚད་ཀྱི་བཟུང་ཚད་42.2%ནས་47.3%བར་འཕར་ཡོད།

     ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བར་བརྟེན་ནས་ལས་སྒྲུབ་ལས་གཏོད་བྱེད་པར་ཡུལ་གཅིག་དང་སྤྱི་ཡོངས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས། “ས་ཁུལ་དེ་ག་དང་སྡེ་ཚན་དེ་གའི་ལས་དོན་ཇུས་འགོད་དང་སྐུལ་འདེད་གཏོང་བར་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱ་རྒྱུ་སྔོན་འགྲོའི་ཆ་རྐྱེན་དུ་བྱས་ནས་གསར་གཏོད་རང་བཞིན་ལྡན་པའི་ངང་ལས་དོན་སྤེལ་ཏེ། ཡུལ་གཅིག་ལ་བཀྲག་མདངས་བསྣན་དགོས་ལ་སྤྱི་ཡོངས་ལའང་བཀྲག་མདངས་བསྣན་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོས་ཏང་ཡོན་ལས་བྱེད་པར་ལས་སྒྲུབ་ལས་གཏོད་བྱེད་པར་བྱ་སྤྱོད་ཀྱི་ཚད་གཞི་མཁོ་འདོན་གནང་ཡོད།

     སྤྱི་ཡོངས་ནས་ཡུལ་གཅིག་ལ་ཇུས་འགོད་དང་ཡུལ་གཅིག་གིས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་ནི་སྒྱུར་བཅོས་ཀྱི་ཐབས་ཇུས་དང་སྲིད་སྐྱོང་གི་ཐབས་ལམ་ཡིན།

     ཡུལ་དེར་གནས་པ་ན“དུས་དང་རྣམ་པ་ཀུན་ཏུ་ཏང་ཀྲུང་དབྱང་གིས་གང་ཞིག་ལ་སེམས་ཁུར་བྱེད་པ་དང་གང་ཞིག་ནན་བཤད་བྱེད་པར་དོ་སྣང་བྱེད་པ་དང་། གང་ཞིག་ནི་ཏང་དང་རྒྱལ་ཁབ་ཀྱི་ཆེས་གལ་ཆེ་བའི་ཁེ་ཕན་ཡིན་པ་དང་གང་ཞིག་ནི་ཆེས་བློ་བརྟན་འགྱུར་མེད་ངང་སྲུང་དགོས་པའི་ལངས་ཕྱོགས་ཡིན་པར་གོ་བ་ཟབ་མོ་ལེན་དགོས”དེ་ལྟར་བྱས་ན་ད་གཟོད་རང་འགན་གཙང་སྒྲུབ་དང་ལས་སྒྲུབ་ལས་གཏོད་ཀྱི་ཚད་འཛིན་ས་རྙེད་ཐུབ།

     ཀྲེ་ཅང་དུ་ཕྱག་ལས་གནང་སྐབས། བློ་མཐུན་ཞི་ཅིན་ཕིང་གིས“ཀྲེ་ཅང་གཅིག་པུར་མ་དམིགས་པར་ཀྲེ་ཅང་འཕེལ་རྒྱས་གཏོང་བ་དང་རྒྱལ་ཡོངས་ལ་གཞི་ཚུགས་ཏེ་ཀྲེ་ཅང་འཕེལ་རྒྱས་གཏོང་དགོས”ཞེས་དང་། ལྟེ་བ་གཅིག་ལ་དམིགས་པ་དང་ཐུན་མོང་ཐོག་བྱ་སྤྱོད་སྤེལ་ཏེ“ཆ་ཤས་ལ་སྣང་ཆེན་དང་སྤྱི་ཡོངས་ལ་སྣང་ཆུང་བྱེད་པ”སྔོན་འགོག་བྱེད་དགོས་པའི་ནན་བཤད་གནང་བ་དང་། ཧྲང་ཧའེ་རུ་ཕྱག་ལས་གནང་སྐབས་ཁྱོན་ཡོངས་ཀྱི་ཁྲོད་གནད་སྨིན་གཏན་འཁེལ་བྱེད་པར་སྣང་ཆེན་གྱིས“འཇོག་དགོས་པ་བཞིར”བརྟེན་ནས་ཧྲང་ཧའེ་ཡི་འཕེལ་རྒྱས་ལ་བསམ་གཞིག་དང་ཇུས་འགོད་བྱེད་དགོས་པ་ཁ་གསལ་བཏོན་གནང་ཡོད།

     “ཏང་ཀྲུང་དབྱང་གིས་གནད་དོན་ལ་ལྟ་སྐབས་ཚང་མ་ཆེ་སར་དམིགས་ཀྱི་ཡོད། ས་གནས་ཤིག་གི་ལས་འགན་གལ་ཆེ་ཤོས་གང་ཡིན་ནམ” ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ས་གནས་སུ་རྟོག་ཞིབ་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྒྱལ་ཡོངས་བསམ་ཇུས་གཅིག་གི་དགོངས་པ་འཛུགས་དགོས་པ”དང་། “རང་དོན་ཁོ་ནར་དམིགས་པའི་གོམས་འཇགས་ཀྱི་བསམ་བློར་རང་འགུལ་ངང་འགྱུར་ལྡོག་གཏོང་དགོས་པའི”བཀའ་མངགས་གནང་ཡོད།

      སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཁ་བཤད”དང“ལག་ལེན”དབར་དང“ཤེས་སྦྱོར”དབར་གྱི་རྩོད་སྒྲུབ་ཀྱི་འབྲེལ་བ་རྒྱས་བཤད་ཐེངས་མང་གནང་བ་དང་། “ལས་རྗེས་ནི་དོན་གཉེར་ལས་བྱུང་བའི”ཕྱོགས་སྟོན་གསལ་པོ་བཙུགས་པ་དང་། དུས་རབས་གསར་པ་ཤར་ཚུན་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་ཚུད་པའི་ཏང་ནང་ཁུལ་གྱི་གཅིག་སྡུད་སློབ་གསོ་ཐེངས་9དང“སྦྱངས་པ་གོ་ཆོད”དང“ཤེས་སྦྱོར་གཅིག་མཐུན”གྱི་བླང་བྱ་ཐོག་མཐའ་བར་གསུམ་དུ་ཁྱབ་ཡོད།

     ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱས་ཏེ། དངོས་ཐོག་བདེན་འཚོལ་དང་། དམ་པ་དོན་གཉེར། དངོས་འཛིན་དངོས་སྒྲུབ་བཅས་བྱས་ཚེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས“རྒྱང་སྐྱོད་གསར་པའི”ཁྲོད་བྱ་གཞག་གསར་པ་ཞིག་སྒྲུབ་ཐུབ་ངེས་རེད།