འཚོལ་བཤེར།   
藏文频道
2026ལོའི་ཟླ་3ཚེས་21ཉིན།

“ཕན་ཚུན་སྦྲེལ་མཐུད”ནས“མྱུར་སྦྲེལ་མྱུར་མཐུད”ཀྱི་ཕྱོགས་སུ་བསྐྱོད་པ།

༄༅།།ཅིང་ཅིན་ཅིའི་མྱུར་བགྲོད་ལྕགས་ལམ་གྱི་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི་1.1ཟིན་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 03ཚེས་21ཉིན། 10:41】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

      ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་19ཉིན་གློག་འཕྲིན་འབྱོར་གསལ། པེ་ཅིང་དུ་ལས་ཀ་བྱེད་མཁན་ལི་ཡའོ་ཤན་པེ་ཅིང་ཐུང་ཀྲོའུ་འབབ་ཚུགས་ནས་མྱུར་བགྲོད་ལྕགས་ལམ་ལ་བསྡད་དེ་ཕ་ཡུལ་ཧོ་པེ་ཐང་ཧྲན་དུ་ལོག་སྐབས་སྐར་མ་55ལས་འགོར་གྱི་མེད།

      ད་ཆ་ས་ཁོངས་ཧྲིལ་པོ་སྦྲེལ་མཐུད་དང་ལས་ཕྱོད་ཆེ་བའི་མཉམ་འགུལ་གྱི་འགྲིམ་འགྲུལ་དྲ་བས་ས་གནས་གསུམ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ཐུབ་ཡོད། པེ་ཅིང་གྲོང་ཁྱེར་འགྲིམ་འགྲུལ་ཨུ་ལྷན་གྱི་གྲངས་གཞི་གསར་ཤོས་ལས་མངོན་པར། 2026ལོའི་ཟླ་3པ་བར། ཅིང་ཅིན་ཅི་ས་ཁུལ་གསུམ་གྱི་ལྕགས་ལམ་དང་མྱུར་བགྲོད་གཞུང་ལམ་གཉིས་ཀྱི་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི་1.1ཟིན་ནས་2014ལོ་ལས་བཅུ་ཆ་བཞི་ཡས་མས་འཕར་ཡོད།

ཅིང་ཅིན་ཅིའི་ས་ཁུལ་རིམ་པའི་གྲོང་ཁྱེར་ཚང་མར་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་ཡོད། ཅིང་ཧ་མྱུར་བགྲོད་ལྕགས་ལམ་དང་། ཅིང་ཐང་གྲོང་སྦྲེལ། ཅིན་ཤིང་གྲོང་སྦྲེལ་སོགས་གཙོ་གནད་རྣམ་གྲངས་ཤར་གཏོང་ཐུབ་ནས་ས་ཁུལ་གསུམ་གྱི་ལྟེ་བའི་གྲོང་ཁྱེར་དུ་བསྐྱོད་པར་ཆུ་ཚོད་1.5ནས་2བར་ལས་འགོར་གྱི་མེད།