ནུས་རྒྱུ་གསར་པའི་རླངས་འཁོར་སོགས་ཁྱད་ལྡན་ཁུལ་8ཕྱེ་བ།
གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 03ཚེས་18ཉིན། 10:07】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་ཧང་ཀྲོའུ་ནས་ཟླ་3ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་15ཉིན། ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་བ་ཁ་ཕྱོགས་སུ་བྱས་པའི“ཁྲོམ་ར་ཆེན་པོ་མཉམ་དུ་སྤྱོད·ཀྲུང་གོར་ཕྱིར་གཏོང་བྱེད”ཅེས་པ་སྟེ། ཀྲེ་ཅང་ཧང་ཀྲོའུ་ནས་གོ་ལ་ཧྲིལ་པོའི་ཅ་དངོས་ཉོ་བའི་བྱེད་སྒོ་ཀྲེ་ཅང་ཧང་ཀྲོའུ་རུ་སྤེལ་བ་རེད།
བྱེད་སྒོ་དེ་ཚོང་དོན་པུའུ་དང་ཀྲེ་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། ཧང་ཀྲོའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་ཀྲེ་ཅང་ཞིང་ཆེན་ཚོང་དོན་ཐིང་གིས་གཉེར་འགན་འཁུར་བ་ཞིག་ཡིན་ཞིང་། ཟླ་3ཚེས་17ཉིན་བར་རྒྱུན་མཐུད་སྤེལ་བ་རེད། བྱེད་སྒོའི་ཐོག་ནང་འདྲེན་ཚོང་དོན་དང་འཛད་སྤྱོད་མཉམ་འདྲེས་འཕེལ་རྒྱས་ལ་དམིགས་ཏེ། ས་གནས་ས་ཐོག་ཏུ་སྨི་ངོས་གྲུ་ཁྲི་2ཟིན་པའི་ནང་འདྲེན་ཚོང་ཟོག་དང་འཛད་སྤྱོད་སྤུས་ལེགས་ཐོན་རྫས་ཀྱི་ཁུལ་ཁོངས་ཆེན་པོ་གཉིས་བཀོད་སྒྲིག་བྱས་པ་དང་། ནང་འདྲེན་ཁེ་ལས་དང་། འབོ་གསེར་རྒྱལ་ཁབ། རྒྱལ་སྒྲོལ་དྲ་ཚོང་། འབོར་ཆེའི་ཚོང་ཟོག གསར་གསུམ་འཛད་སྤྱོད། ཐོན་གསར་གསུམ་གྱི་འཛད་སྤྱོད། ནང་འདྲེན་རླངས་འཁོར། ནུས་རྒྱུ་གསར་པའི་རླངས་འཁོར་སོགས་ཁྱད་ལྡན་ཁུལ་8ལ་ཕྱེ་ནས་རྒྱལ་སྒྲོལ་དྲ་ཚོང་སྦྲེལ་མཐུད་དང་། འབོ་གསེར་རྒྱལ་ཁབ་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་འོས་སྦྱོར། ཐོན་གསར་གསུམ་གྱི་འཛད་སྤྱོད་ཡོངས་བསྒྲགས་སོགས་ལྷན་སྦྱར་བྱེད་སྒོ་མཉམ་དུ་སྤེལ་བ་རེད།
2026ལོ་ནི“ཀྲུང་གོར་ཕྱིར་གཏོང”གི་བྱེད་སྒོ་སྤེལ་བའི་ལོ་དང་པོ་ཡིན་ཞིང་། ཚོང་དོན་པུས་རིམ་སྤེལ་ཆེ་གྲས་བཅུ་ཡི་ནང་འདྲེན་སྐུལ་སྤེལ་བྱེད་སྒོ་བརྒྱ་ལྷག་ཙམ་སྒྲིག་འཛུགས་བྱ་རྒྱུ་དང་། “མཉམ་འགུལ་བཞི”བརྒྱུད་གོ་ལ་ཧྲིལ་པོའི་སྤུས་ལེགས་ཚོང་ཟོག་ཀྲུང་གོའི་ཁྲོམ་རར་ཞུགས་པའི“སྟབས་བདེའི་འཁོར་ལམ”བསྐྲུན་རྒྱུ་ཡིན་པ་རེད།