འཚོལ་བཤེར།   
藏文频道
2026ལོའི་ཟླ་3ཚེས་5ཉིན།

༄༅།།ཁོང་གིས། ཕྲུ་གུས་དྲ་རྒྱར་ཡིད་སྟོན་ཚད་བརྒལ་བྱེད་ལུགས་གསུངས་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 03ཚེས་05ཉིན། 14:14】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

ཀྲང་ཁའེ་ལིས་གསུངས་དོན། ལོ་ན་མ་སོན་པའི་ཕྲུ་གུས་དྲ་རྒྱར་ཚད་ལས་བརྒལ་བའི་ཡིད་སྟོན་བྱེད་གིན་ཡོད།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲང་ཁའེ་ལི་ལགས་ཀྱིས་ལོ་ན་མ་སོན་པའི་ཕྲུ་གུས་དྲ་རྒྱར་བརྟེན་པའི་གནད་དོན་སྐོར་གླེང་སྐབས་བཤད་དོན། ས་གནས་མང་པོ་ཞིག་གིས་ "ཐད་འགོག་" བྱེད་པའི་ཐབས་ལམ་སྤྱད་དེ་དྲ་རྒྱའི་རིགས་སྤྱད་མི་ཆོག་པ་བཟོ་བཞིན་ཡོད་མོད། ཐབས་ལམ་དེ་འདྲ་ནི་འཚམ་པོ་ཞིག་མིན། ང་ཚོས་ཕྲུ་གུ་ཚོར་ཇི་ལྟར་ལྟ་རུ་འཇུག་དགོས་པ་ཤེས་དགོས། དེ་ལ་སྟེགས་བུ་དང་། ཁྱིམ་ཚང་། སློབ་གྲྭ་བཅས་ཕྱོགས་ཁག་གིས་མཐུན་སྒྲིལ་འབད་བརྩོན་བྱེད་དགོས། འཕྲལ་མར་རྨེད་མེད་དུ་འཇོམས་ཐབས་ཁོ་ན་བྱེད་པ་ནི་འཚམ་པོ་མིན་ལ། དེ་ལྟར་བྱས་ཀྱང་དམིགས་ཡུལ་འགྲུབ་མི་ཐུབ་དོན་གསུངས་པ་རེད།