འཚོལ་བཤེར།   
藏文频道
2026ལོའི་ཟླ་3ཚེས་4ཉིན།

༄༅།།རྒྱལ་ཡོངས་ཚོགས་འདུ་གཉིས་ལ་ཞུགས་པའི་བོད་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་རྣམས་པེ་ཅིང་དུ་འབྱོར་ཡོད།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 03ཚེས་04ཉིན། 14:33】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

ཟླ་3པའི་ཚེས་3ཉིན་གྱི་ཉིན་གུང་། རྒྱལ་ཡོངས་ཚོགས་འདུ་གཉིས་ལ་ཞུགས་པའི་རང་སྐྱོང་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་རྣམས་གནམ་གྲུར་བསྡད་དེ་པེ་ཅིང་དུ་འབྱོར་ནས། ཚོགས་ཆེན་ལ་འབྱོར་ཐོ་བཀོད་པ་རེད།

ལས་འགན་དང་རེ་འདོད་བསྣམས་ཅིང་། གཟི་བརྗིད་དང་འགན་འཁྲི་ཁུར་ནས། དེ་རིང་ཉིན་གུང་། རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་ཆབ་སྲིད་གྲོས་མོལ་ཨུ་ཡོན་རྣམས་གནམ་གྲུ་བརྒྱུད་པེ་ཅིང་དུ་འབྱོར་ཡོད། ཁོང་ཚོས་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་འཐུས་མི་དང་ཨུ་ཡོན་རྣམས་དང་མཉམ་དུ་རྒྱལ་དོན་གྲོས་མོལ་དང་འཕེལ་རྒྱས་ལ་འཆར་འགོད་མཉམ་དུ་བྱེད་རྒྱུ་ཡིན་པ་དང་། རྒྱུན་རིང་བའི་མི་དམངས་དམངས་གཙོའི་ལེའུ་གསར་པ་འབྲི་རྒྱུ་རེད།

ཟླ་3པའི་རྒྱལ་ས་རུ་དཔྱིད་དཔལ་རབ་ཏུ་རྒྱས། འཐུས་མི་དང་ཨུ་ཡོན་རྣམས་སེམས་ཤུགས་ཆེ་ཞིང་། ཡིད་ཆེས་གང་བའི་ངང་ནས། ཚོགས་འདུ་གཉིས་ཀྱི་དུས་ཚོད་ནང་འཕྲལ་དུ་ཞུགས་ནས། སེམས་ཁོང་དུ་ལེགས་པར་བཅངས་ཏེ་ཚོགས་འདུར་ཞུགས་པ་དང་འགན་འཁྲི་ལེགས་སྒྲུབ་བྱེད་རྒྱུ་ཡིན་ལ། རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་སྟེགས་བུ་རྒྱ་ཆེ་སྟེང་། བོད་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མཚོན་པར་བྱེད་རྒྱུ་དང་། བོད་མི་དམངས་ཀྱི་དུས་རབས་གསར་པའི་སྤོབས་པ་མངོན་པར་བྱ་རྒྱུ་ཡིན་པ་རེད།

རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པ་དང་། རྒྱལ་ཡོངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པ་དེ་དག་ཟླ་3ཚེས་5ཉིན་དང་། ཟླ་3ཚེས་4ཉིན་དུ་པེ་ཅིང་དུ་འགོ་འཛུགས་རྒྱུ་རེད།