གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 02ཚེས་26ཉིན། 15:02】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཧའེ་ནན་ཞིང་ཆེན་སན་ཡ་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་ཟླ་2ཚེས་25ཉིན་གནས་ཚུལ་བརྡ་ཁྱབ་བཏང་དོན་དུ།
ཉེ་ཆར། སྨྱན་སྦྱོར་ཞིག་ཏུ་སན་ཡ་གྲོང་ཁྱེར་གྱི་དམངས་གཉེར་སློབ་གྲྭ་ག་གེ་མོའི་གནས་ཐོག་གི་དགེ་རྒན་ཞིག་སློབ་གྲྭའི་ཆོག་མཆན་མ་ཐོབ་པར་སྡེ་ཚན་གཞན་དུ་རྒྱུག་ལེན་བྱས་པའི་ངལ་རྩོལ་འབྲེལ་བ་མེད་པར་བཟོས་པའི་གནས་ཚུལ་སྤེལ་བ་རེད། ཞིབ་བཤེར་བྱས་པ་བརྒྱུད། ད་ཆ་རྩོད་གཞི་དེ་ངལ་རྩོལ་རྩོད་གཞི་འདུམ་གཅོད་ཀྱི་གོ་རིམ་དུ་སླེབས་པ་དང་། དོན་རྐྱེན་ཞིབ་གཅོད་ཇེ་གསལ་བྱེད་བཞིན་ཡོད།
དེའི་ཐད་སན་ཡ་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་བརྒྱུད་རིམ་ཧྲིལ་པོར་དོན་རྐྱེན་གྱི་འཕེལ་རིམ་ལ་མུ་མཐུད་དོ་ཁུར་བྱས་ཏེ། བཅའ་ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་དོན་རྐྱེན་དང་འབྲེལ་བ་ཡོད་པའི་ཕྱོགས་གཉིས་པོས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་སྒྲོམ་གཞིའི་ནང་ཐག་གཅོད་འཚམ་པོར་བྱས་ཏེ། ཕྱོགས་གཉིས་པོའི་ཁྲིམས་མཐུན་ཁེ་དབང་འགན་ལེན་ཏན་ཏིག་བྱ་རྒྱུ་ཡིན་པ་རེད།