གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 02ཚེས་26ཉིན། 15:01】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་2ཚེས་25ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་སྐབས་61པའི་ཚོགས་འདུའི་མཐོ་རིམ་ཚོགས་འདུའི་ཐོག ལྗར་པན་སོགས་རྒྱལ་ཁབ་ཉུང་ཤས་ཀྱིས་ཀྲུང་གོ་དང་འབྲེལ་བ་ཡོད་པའི་དོན་དངོས་མིན་པའི་གཏམ་བཤད་སྤེལ་བར་ཀྲུང་གོའི་འཐུས་མིས་རྒོལ་གཏམ་དྲག་པོ་བཏང་བ་རེད།
ཀྲུང་གོའི་འཐུས་མིས། དེང་སྐབས་ཤིན་ཅང་དང་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་བ་དང་། སྤྱི་ཚོགས་བརྟན་ལྷིང་ཡོང་བ། མི་རིགས་ཁག་གི་མི་དམངས་ཀྱི་ཁེ་དབང་ཁག་འགན་སྲུང་གང་ལེགས་ཐུབ་ཡོད། ཞང་ཀང་གི་རྒྱལ་སྲུང་བཅའ་ཁྲིམས་ལག་བསྟར་བྱས་ཚུན་ཞང་ཀང་ནི་བཅོས་སྐྱོང་ནས་དར་རྒྱས་ཡོང་བའི་དུས་རིམ་གསར་པའི་ནང་སླེབས་ཡོད། ལྗར་པན་སོགས་ཀྱིས་ཆ་འཕྲིན་རྫུན་མ་ཁྱབ་སྤེལ་བྱས་ནས། ཀྲུང་གོར་ཚུར་རྒོལ་དང་དམའ་འབེབས་བཏང་བར་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་དྲག་པོ་བྱས་པ་དང་དང་ལེན་རྩ་བ་ནས་མི་བྱེད་ཅེས་བརྗོད་པ་རེད།
ཀྲུང་གོའི་འཐུས་མིས། ལྗར་པན་གྱིས་རྒྱལ་ཁབ་གཞན་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་སྐོར་ལ་སྐད་ཆ་གང་བྱུང་དུ་ཤོད་པ་དེས། རང་ངོས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཉེས་སྤྱོད་འགེབས་མི་ཐུབ། ལྗར་པན་གྱི་“འདོད་སྐོང་མ་”སོགས་པའི་གནད་དོན་ཐད་ཀྱི་ལོ་རྒྱུས་ཀྱི་འགན་འཁྲི་དང་ལེན་མི་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལམ་སྲོལ་གྱི་དོ་ཁུར་སྣང་མེད་དུ་བཏང་ནས་འཁོན་ལན་སློག་པའི་གནོན་ཤུགས་སྤྲད་ནས་འུར་ཟིང་ལངས་རེ་བྱས་པ་རེད། ལྗར་པན་གྱིས་སྔོན་ཆད་བཙན་འཛུལ་དམག་འཁྲུག་བསླངས་པ་དང་དམག་འཁྲུག་གི་ནག་ཉེས་ཚབས་ཆེན་བསགས་ཡོད་ཀྱང་བསམ་གཞིགས་ཟབ་མོ་གཏན་ནས་མི་བྱེད་པར། ཀྲུང་གོ་ཕྱོགས་ཀྱིས་ལྗར་པན་ལ་འཕྲལ་མར་རང་སྐྱོན་རང་བརྟག་དགོས་པའི་སྐུལ་ལྕག་བྱེད་ཀྱི་ཡོད། དེ་ལྟར་མ་བྱས་ན་ཡང་བསྐྱར་ལོ་རྒྱུས་ཀྱི་ལམ་ནོར་དུ་བསྐྱོད་རྒྱུ་རེད།