གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 02ཚེས་26ཉིན། 15:01】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་2ཚེས་25ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད། གསར་འགོད་པ་ཞིག་གིས། དབྱིན་ཇི་དང་ཧྥ་རན་སིས་ཉིང་རྡུལ་མཚོན་ཆ་རྩིས་སྤྲོད་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། ཉོ་ཚོང་དེ་རིགས་ཀྱིས་ཨུ་རུ་སུ་དང་ཡུག་རེན་གྱི་གདོང་ཐུག་མཇུག་སྒྲིལ་ཆེད་དེ་བས་ཕན་ཆ་ཆེ་བའི་ཆ་རྐྱེན་བརྩོན་ལེན་ཐུབ་རྒྱུའི་ངོས་འཛིན་བྱེད་ཀྱི་ཡོད་པར། ཀྲུང་གོ་ཕྱོགས་ཀྱིས་དཔྱད་གཏམ་གང་ཞིག་སྤེལ་རྒྱུ་ཡིན་ནམ་ཟེར།
མའོ་ཉིང་གིས། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ “ཉིང་རྡུལ་མཚོན་ཆ་སྤྱོད་མི་རུང་ལ་ཉིང་རྡུལ་གྱི་དམག་འཁྲུག་རྒྱག་མི་རུང་”བའི་འདོད་ཚུལ་འཛིན་གྱི་ཡོད། རྒྱལ་སྤྱིའི་ཉིང་རྡུལ་ཁྱབ་འགྱེད་མི་བྱེད་པའི་འོས་འགན་བརྩི་སྲུང་ཏན་ཏིག་བྱ་དགོས།
ད་ཆ། ཡུག་རེན་གྱི་ཉམས་ཉེན་ལ་དམིགས་པའི་སྐད་ཆ་ཤོད་རེས་བྱེད་འགོ་ཚུགས་ཡོད་པས་ཕྱོགས་ཁག་གིས་གོ་སྐབས་དམ་འཛིན་བྱས་ནས་ཁྱོན་ཡོངས་དང་། ཡུན་རིང་། ཚོད་འཛིན་གྱི་ནུས་པ་ལྡན་བཅས་ཀྱི་ཞི་བདེའི་གྲོས་མཐུན་འཇོག་རྒྱུའི་རེ་བ་བྱེད་ཀྱི་ཡོད། ང་ཚོས་འབྲེལ་ཡོད་ཕྱོགས་ཁག་ནས་ལྷིང་འཇགས་དང་བཟོད་སྒོམ་བྱས་ཏེ་གོ་ནོར་དང་བརྡར་གཅོད་ནོར་འཁྲུལ་ཅན་འབྱུང་སྲིད་པ་དང་། ཐ་ན་གནས་བབ་ཛ་དྲག་ཏུ་འགྲོ་སྲིད་པའི་བྱ་སྤྱོད་གང་རུང་མི་ཡོང་བའི་རེ་འབོད་བྱེད་ཀྱི་ཡོད།