གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 02ཚེས་26ཉིན། 15:00】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཚེས་24ཉིན་རྒྱལ་ཁབ་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན་གྱིས་ཁྱབ་བསྒྲགས་བྱས་པའི་གནས་འཕྲིན་ལྟར་ན། ཉེ་དུས་རྒྱལ་སྤྱིའི་ཁྲོམ་རའི་སྣུམ་གོང་འཕར་བ་དང་། ཟླ་2ཚེས་24ཉིན་སྔོན་གྱི་ལས་ཀའི་ཉིན་གྲངས་10ཡི་ཆ་སྙོམས་རིན་གོང་དང་རིན་གོང་ལེགས་སྒྲིག་བྱེད་ཐེངས་གོང་མའི་ལས་ཀའི་ཉིན་གྲངས་10ཡི་ཆ་སྙོམས་རིན་གོང་བསྡུར་བ་བྱས་ཚུལ་ལ་གཞིགས་པ་དང་། ད་ལྟ་ལག་བསྟར་བྱེད་བཞིན་པའི་ཐོན་རྫས་སྣུམ་གྱི་རིན་གོང་ལམ་སྲོལ་ལྟར་ན། ཚེས་2ཚེས་24ཉིན་གྱི་ཆུ་ཚོད་24ནས་བཟུང་། རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་སྣུམ་གྱི་རིན་གོང་སོ་སོར་ཏུན་རེར་སྒོར་175དང་170འཕར་ཡོད་པ་རེད།