གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 02ཚེས་26ཉིན། 15:00】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
གསར་འགོད་པར་འགག་སྒོའི་སྤྱི་ཁྱབ་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར་པེ་ཅིང་འགག་སྒོའི་ཁོངས་གཏོགས་རྒྱལ་ས་གནམ་ཐང་གི་འགག་སྒོའི་ལས་དོན་མི་སྣས་སྙན་ཞུའི་ཐོན་རྫས་མིང་ལ་“ཕྱི་གོས་དང་དཔུང་རྒྱན་”ཞེས་པ་འཁོད་ཅིང་རྒྱལ་མཚམས་ནས་ནང་འདྲེན་བྱེད་པའི་མྱུར་སྐྱེལ་སྤ་སེ་ཞིག་ལ་ཞིབ་བཤེར་བྱེད་སྐབས། དེའི་ནང་གི་ཕྱི་གོས་ཞིག་ནི་གཟིག་རིས་ཅན་གྱི་སྲོག་ཆགས་ཀྱི་སྤུ་མཐུད་སྦྱོར་བྱས་ནས་བཟོས་པ་ཡིན་པས། དེ་ནི་སྟོངས་ཉེན་ཡོད་པའི་སྲོག་ཆགས་ཀྱི་ཐོན་རྫས་ཡིན་པ་དོགས་བྱུང་། གསལ་འབྱེད་བྱས་པ་བརྒྱུད། ཕྱི་གོས་དེ་ནི་བྱི་ལ་གཟིག་གི་པགས་པ་མཐུད་སྦྱོར་བྱས་ནས་བཟོས་པ་ཡིན་པ་མ་ཟད། ཉུང་མཐར་ཡང་བྱི་ལ་གཟིག་15ལས་བཟོས་པ་རེད། བྱི་ལ་གཟིག་ནི་《སྟོངས་ཉེན་ཡོད་པའི་རི་དྭགས་དང་རྩི་ཤིང་རིགས་ཀྱི་རྒྱལ་སྤྱིའི་ཉོ་ཚོང་སྤྱི་ཆིངས་》(CITES)ཀྱི་ཟུར་བཀོད་དང་པོ་དང་ཟུར་བཀོད་Ⅱནང་བཀོད་པའི་སྲུང་སྐྱོང་དངོས་རིགས་ཀྱི་ཁོངས་སུ་གཏོགས་པ་རེད། ད་ཆ། གྱོད་གཞི་དེ་འགག་སྒོའི་ལྐོག་འདྲེན་འཛིན་བཟུང་སྡེ་ཚན་ལ་རྩིས་སྤྲོད་བྱས་ནས་ཐག་གཅོད་བྱས་ཡོད་པ་རེད།