འཚོལ་བཤེར།   
藏文频道
2026ལོའི་ཟླ་2ཚེས་24ཉིན།

༄༅།།ཨ་རིའི་དམག་གིས་འཇབ་རྒོལ་བྱས་འདུག

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 02ཚེས་24ཉིན། 13:58】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ས་གནས་དེ་གའི་དུས་ཚོད་ཟླ་2ཚེས་23ཉིན། ཨ་རིའི་དམག་དཔུང་གི་ལྷོ་ཕྱོགས་དམག་སྤྱི་ཁང་གི་“ལྷོ་ཕྱོགས་ཀྱི་མདའ་མོ་”མཉམ་འབྲེལ་ཆེད་མངགས་དཔུང་སྡེས་ཉིན་དེར་འཇིགས་སྐུལ་རྩ་འཛུགས་ཀྱི་ཁ་ལོ་བསྒྱུར་བར་འདོད་པའི་གྲུ་གཟིངས་ཤིག་ལ་རྡུང་རྡེག་བཏང་བ་ཡིན་ཞེས་བཤད་པ་རེད།

    ཨ་རིའི་དམག་ཕྱོགས་ཀྱིས་གསང་འཕྲིན་གྱི་ཐོག་ནས་གྲུ་གཟིངས་དེ་ཅ་ལེ་པི་རྒྱ་མཚོའི་དུག་ཚོང་ལམ་ཐིག་བརྒྱུད་ནས་སྐྱོད་བཞིན་ཡོད་པ་ཤེས་རྟོགས་བྱུང་བ་མ་ཟད། དུག་ཚོང་བྱེད་སྒོའི་ནང་ཞུགས་བཞིན་ཡོད་པ་ར་སྤྲོད་བྱུང་ཡོད་ཅེས་བཤད། བྱ་སྤྱོད་ཁྲོད་སྐྱེས་པ་“དུག་འཚོང་འཇིགས་སྐུལ་པ་”3བསད་པ་རེད། ཨ་རིའི་དམག་དཔུང་ལ་མི་ཤི་རྨས་བྱུང་མེད།