འཚོལ་བཤེར།   
藏文频道
2026ལོའི་ཟླ་2ཚེས་24ཉིན།

༄༅།།ཕུའུ་ཅིང་གིས་འདི་ལྟར་བཤད་འདུག 

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 02ཚེས་24ཉིན། 13:58】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ས་གནས་དེ་གའི་དུས་ཚོད་ཚེས་23ཉིན་ནི་ཨུ་རུ་སུའི་“མེས་རྒྱལ་སྲུང་སྐྱོབ་པའི་ཉིན་མོ་”ཡིན་པ་དང་། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་བརྙན་ལམ་དུ་གཏམ་བཤད་སྤེལ་ནས། ཨུ་རུ་སུས་རྒྱལ་སྤྱིའི་གནས་བབ་ཀྱི་འཕེལ་རྒྱས་དང་དམིགས་བསལ་དམག་དོན་བྱ་སྤྱོད་ཁྲོད་ཐོབ་པའི་འཐབ་འཛིང་གི་ཉམས་མྱོང་ལ་གཞིགས་ནས། སྐམ་དམག་དང་མཚོ་དམག་ལ་ཤུགས་སྣོན་རྒྱག་པའི་ལས་དོན་མུ་མཐུད་གཞི་ཁྱོན་ཆེན་པོར་སྤེལ་རྒྱུ་ཡིན་ཞེས་བཤད་པ་རེད།

     ཕུའུ་ཅིང་གིས་“གསུམ་གཞི་གཅིག་གི་”ཉིང་རྡུལ་སྟོབས་ཤུགས་འཕེལ་རྒྱས་གཏོང་རྒྱུ་ནི་སྔར་བཞིན་ཨུ་རུ་སུ་ཕྱོགས་ཀྱིས་སྔོན་ལ་སྒྲུབ་དགོས་པའི་བྱ་བ་ཞིག་ཡིན་པ་དང་། ཉིང་རྡུལ་སྟོབས་ཤུགས་དེ་ཨུ་རུ་སུའི་བདེ་འཇགས་ཀྱི་འགན་ལེན་ཡིན་པའི་ངོས་ནས་འཐབ་ཇུས་ཀྱི་འཇིགས་སྐུལ་དང་འཛམ་གླིང་གི་སྟོབས་ཤུགས་དོ་མཉམ་རྒྱུན་འཁྱོངས་ནུས་ལྡན་བྱེད་ཐུབ་ཅེས་ནན་བཤད་བྱས་པ་རེད།