འཚོལ་བཤེར།   
藏文频道
2026ལོའི་ཟླ་2ཚེས་24ཉིན།

༄༅།།གསེར་དངུལ་གྱི་རིན་གོང་ཆེན་པོར་འཕར་འདུག 

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 02ཚེས་24ཉིན། 13:57】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ས་གནས་དེ་གའི་དུས་ཚོད་ཚེས་23ཉིན། ཁྲོམ་རའི་ཐོག་ཐེ་རོན་ཕུའུ་སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་པའི་རེས་སྐོར་གསར་པའི་སྒོ་ཁྲལ་སྲིད་ཇུས་དང་དེ་བཞིན་གཟའ་པ་སངས་ཉིན་ཨ་རིས་ཁྱབ་བསྒྲགས་བྱས་པའི་དཔལ་འབྱོར་གཞི་གྲངས་བསྡུ་ལེན་ཆེས་ཆེར་བྱས་པ་རེད། མ་དངུལ་འཇོག་མཁན་གྱིས་དཔལ་འབྱོར་འཕར་སྣོན་ཆེས་ཆེར་དལ་བའི་རྒྱབ་ལྗོངས་འོག སྒོ་ཁྲལ་གྱི་སྲིད་ཇུས་གསར་པའི་དབང་གིས་ཨ་རིའི་དཔལ་འབྱོར་གྱི་མདུན་ལམ་སྔར་བས་གསལ་པོ་མེད་པ་དང་། ཨ་རི་དང་དབྱི་རན་གྱི་གྲོས་མོལ་དང་ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་སྔར་བཞིན་འགྱུར་ལྡོག་ཆེ་བ་དང་། རྩ་ཆེའི་ལྕགས་རིགས་ཁྲོམ་རར་ཉེན་གཡོལ་གྱི་ཉོ་སྒྲུབ་བྱེད་ཚུལ་ཆེས་ཆེར་འཕར་བས། ཚེས་23ཉིན་ཨ་ཤེ་ཡའི་ཉོ་ཚོང་དུས་སུ་རྒྱལ་སྤྱིའི་གསེར་གོང་དང་དངུལ་གོང་མངོན་གསལ་དོད་པོར་འཕར་བ་དང་། རྒྱལ་སྤྱིའི་གསེར་གོང་ཨང་སི་རེར་ཨ་སྒོར་ཧྲིལ་གྲངས་5200ཡི་མཚམས་སུ་སླེབས་པའི་སེམས་ཁྲལ་བྱེད་ཀྱི་ཡོད་པ་རེད།

     པེ་ཅིང་དུས་ཚོད་ཚེས་23ཉིན་གྱི་ཆུ་ཚོད་9དང་སྐར་མ་35བར་དུ།

     ལོན་ཏོན་གྱི་དངོས་ཟོག་གསེར་གོང་ཨང་སི་རེར་ཨ་སྒོར་5156.59ཟིན་ནས་1.13%འཕར་བ་དང་། དངོས་ཟོག་དངུལ་གོང་ཨང་སི་རེར་ཨ་སྒོར་87.447ཟིན་ནས་3.40%འཕར་ཡོད།

     ཉིའུ་ཡོག་ཚོང་ཟོག་ཉོ་ཚོང་ཁང་གིས་ཟླ་4པར་རྩིས་སྤྲོད་བྱས་པའི་གསེར་གྱི་དུས་བཀག་རིན་གོང་ཨང་སི་རེར་ཨ་སྒོར་5180.52ཡིན་པ་དང་འཕར་ཚད་1.96%ཡིན་པ་དང་། ཟླ་3པར་རྩིས་སྤྲོད་བྱས་པའི་དངུལ་གྱི་དུས་བཀག་རིན་གོང་ཨང་སི་རེར་ཨ་སྒོར་87.195ཡིན་པ་དང་འཕར་ཚད་5.89%ཟིན་ཡོད་པ་རེད།