གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 02ཚེས་24ཉིན། 13:56】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཉེ་ཆར། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་གནས་ཚུལ་ཁྱབ་བསྒྲགས་བྱས་དོན། ཟླ་2ཚེས་25ཉིན་ནས་བཟུང་།
སྒེར་གྱི་ཐོབ་ཁྲལ་APPབརྒྱུད་ནས་2025ལོའི་ལོ་འཁོར་མོའི་སྒེར་གྱི་ཐོབ་ཁྲལ་སྔ་ས་ནས་ཕྱོགས་བསྡུས་ཡོང་འབབ་བསྡོམས་རྩིས་གཙང་འཇལ་བྱས་ཆོག
བརྡ་ཁྱབ་ནང་2025ལོའི་སྒེར་གྱི་ཐོབ་ཁྲལ་ཕྱོགས་བསྡུས་ཡོང་འབབ་བསྡོམས་རྩིས་གཙང་འཇལ་བྱེད་པའི་དུས་ཚོད་ནི་2026ལོའི་ཟླ་3ཚེས་1ཉིན་ནས་ཟླ་6ཚེས་30ཉིན་བར་ཡིན་པ་དང་། ཁྲལ་དོན་སྡེ་ཚན་གྱིས་ཁྲལ་འཇལ་མཁན་ལ་སྔ་ས་ནས་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད་པ་རེད།
ཁྲལ་འཇལ་མཁན་གྱིས་ཟླ་3ཚེས་1ཉིན་ནས་ཟླ་3ཚེས་20ཉིན་བར་འགྲོ་ལུགས་འགྲིམ་རྒྱུ་ཡིན་ན། ཟླ་2ཚེས་25ཉིན་ནས་བཟུང་སྒེར་གྱི་ཐོབ་ཁྲལ་Appབརྒྱུད་སྔོན་ལ་མངག་ཆ་བྱས་ཆོག ཟླ་3ཚེས་21ཉིན་ནས་ཟླ་6ཚེས་30ཉིན་བར་ཁྲལ་འཇལ་མཁན་གྱིས་ཁ་ཆད་བྱེད་མི་དགོས་པར་འགྲོ་ལུགས་འགྲིམ་ཆོག