འཚོལ་བཤེར།   
藏文频道
2026ལོའི་ཟླ་2ཚེས་13ཉིན།

༄༅།།བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱི་རིམ་ཁག་ཁྲིམས་ཁང་གིས“ཆུ(མཚོ)དཔོན་ནགས(རྩྭ)དཔོན་དང་ཡོན་ཀྲང་ཟུང་དུ་
འབྲེལ་བའི”མཉམ་ལས་ལམ་སྲོལ་གསར་གཏོད་ལ་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 02ཚེས་13ཉིན། 14:36】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱི་རིམ་ཁག་ཁྲིམས་ཁང་གིས་སྐྱེ་ཁམས་ཁྲིམས་འཛིན་སྲུང་སྐྱོང་དེ་དམངས་ལ་བྱ་བ་དངོས་སྒྲུབ་པའི་ཁྲིམས་འཛིན་གྱི་གསལ་ཐོར་བཅུག་སྟེ། “ཆུ(མཚོ)དཔོན་དང་ནགས(རྩྭ)དཔོན་དང་ཡོན་ཀྲང་ཟུང་དུ་འབྲེལ་བའི”མཉམ་ལས་ལམ་སྲོལ་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། ཁྲིམས་སྐྱོང་སྟོབས་ཤུགས་ལ་བརྟེན་ནས་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་བར་རམ་འདེགས་བྱས་ཡོད།

ནག་ཆུ་གྲོང་ཁྱེར་གྱི་རིམ་ཁག་ཁྲིམས་ཁང་གིས་འདྲི་གཅོད་འགན་ནུས་ཆུ་དཔོན་མཚོ་དཔོན་ལམ་ལུགས་དང་ནགས་དཔོན་རྩྭ་དཔོན་ལམ་ལུགས་ཀྱི་ལས་ཀའི་མ་ལག་ནང་མཉམ་འདྲེས་ནུས་ལྡན་ཐུབ་རྒྱུར་སྐུལ་འདེད་བཏང་སྟེ། འཐབ་ས་དང་པོར་སྐོར་ཞིབ་དང་། ས་ཡུལ་དངོས་སུ་ཞིབ་དཔྱོད། གྱོད་དཔེ་དྲངས་ནས་ཁྲིམས་འགྲེལ། མཐུན་སྦྱོར་མཉམ་བཅོས་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས“གནས་ཚུལ་ཐོན་རྗེས་ཆད་པ་གཅོད་པ”ནས“གནས་ཚུལ་མ་ཐོན་གོང་ནས་སྔོན་འགོག་དང་། གནས་ཚུལ་ཐོན་རིང་ལྟ་སྐུལ། གནས་ཚུལ་ཐོན་རྗེས་བཅོས་སྒྲིག”བཅས་བར་སྣུར་སྲིང་བྱས་པའི་འཁོར་འབྲེལ་ཧྲིལ་པོའི་སྐྱེ་ཁམས་ཁྲིམས་འཛིན་སྲུང་སྐྱོང་དྲ་བ་ཆགས་པར་བྱས་ཡོད།

ཤེས་རྟོགས་བྱུང་བའི་གནད་དོན་ལ་དམིགས་ཏེ། ནག་ཆུ་གྲོང་ཁྱེར་གྱི་རིམ་ཁག་ཁྲིམས་ཁང་གིས“ཆད་གཅོད་དང་བཅོས་སྒྲིག་གལ་ཆེ་མཉམ་འཛིན”གྱི་རྩ་དོན་གཞིར་བཟུང་། ཁྲིམས་ལྟར་གྱོད་གཞི་འདྲི་གཅོད་བྱེད་པ་དང་ཆབས་ཅིག “གསབ་འཛུགས་ལྗང་གསོ”དང“ངལ་ནུས་ཚབ་འཇལ”སོགས་སྐྱེ་ཁམས་སླར་གསོའི་བྱེད་ཐབས་འཚོལ་ཞིབ་བྱས་ནས་སྤྱད་དེ་ཁྲིམས་འཛིན་ཁྲིམས་གཅོད་དེ་སྐྱེ་ཁམས་སླར་གསོའི་འགོ་འཛུགས་སར་འགྱུར་བར་བྱས་ཡོད།