གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 02ཚེས་02ཉིན། 14:09】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ལྷོ་རྒྱུད་དམག་ཁུལ་ནི་ཀྲུང་གོའི་ཧོང་ཡན་གླིང་ཕྲན་གྱི་མངའ་ཁོངས་མཚོ་ཁོངས་ཀྱི་བར་སྣང་དང་དེ་བཞིན་མཐའ་འཁོར་ས་ཁོངས་སུ་དམག་འཁྲུག་གྲ་སྒྲིག་གི་ཉེན་རྟོག་སྐོར་ཞིབ་སྒྲིག་འཛུགས་བྱས་ཡོད།
ཟླ་1པོའི་ཚེས་31ཉིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ལྷོ་རྒྱུད་དམག་ཁུལ་གྱིས་མཚོ་མཁོའི་དམག་ཤུགས་སྒྲིག་འཛུགས་བྱས་ནས་ཀྲུང་གོའི་ཧོང་ཡན་གླིང་ཕྲན་གྱི་མངའ་ཁོངས་དང་དེ་བཞིན་མཐའ་འཁོར་གྱི་མཚོ་མཁའི་ཁོངས་སུ་དམག་འཐབ་གྲ་སྒྲིག་གི་ཉེན་རྟོག་སྐོར་ཞིབ་བྱས་པ་རེད། ཧོང་ཡན་གླིང་ཕྲན་ནི་ཀྲུང་གོའི་སྔར་ཡོད་མངའ་ཁོངས་ཡིན། ཟླ་དང་པོ་ནས་བཟུང་དམག་ཁུལ་དཔུང་སྡེའི་མཚོ་ཐོག་མཁའ་ཐོག་དམག་ཤུགས་ཀྱིས་ཧོང་ཡན་གླིང་ཕྲན་གྱི་མངའ་ཁོངས་མཐའ་འཁོར་གྱི་མཚོ་ཐོག་མཁའ་ཁོངས་སུ་སྐོར་གཡེང་ཉེན་ཟོན་མུ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས་ས་ཁོངས་ནང་གི་རྒྱལ་ཁབ་ཁ་ཤས་ཀྱི་བཙན་གནོད་འཁྲུག་སློང་གི་བྱེད་སྤྱོད་ལ་རྒོལ་གཏམ་མཐའ་གཅིག་ཏུ་བཏང་བ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་ལྷོ་རྒྱ་མཚོ་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ་རེད།