གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 02ཚེས་02ཉིན། 14:07】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
གངས་ལྗོངས་ཀྱི་འདམ་ར་ནི་ཐོར་བུའི་མུ་ཏིག་གི་ཚུལ་དུ་གང་སར་འཚེར་མདངས་ཀྱིས་ཁྱབ། སེར་གླིང་བླ་མཚོར་དུས་བྱ་འཕུར་ལྡིང་དགར་ལ་རྩེན་ཞིང་། ཡར་ཉིང་འདམ་རར་རྩྭ་དང་རྩི་ཤིང་རྒྱས་ལ། མ་ཕམ་གཡུ་མཚོ་སྔོ་ཞིང་དྭངས། ལྷ་ཀླུ་འདམ་སའི་སྐྱེ་དངོས་གསོན་ཉམས་ལྡན། ས་མཐོའི་ལྐོག་གྱུར་གྱི་ཁོར་ཡུག་དེ་དག་གིས་རྩ་ཆེའི་སྐྱེ་དངོས་རིགས་གསོ་སྐྱོང་བྱེད་པ་དང་། ཆུ་འགོའི་བདེ་འཇགས་སྲུང་སྐྱོང་བྱེད་པ་བཅས་ལས་མི་དང་རང་བྱུང་མཉམ་གནས་ཀྱི་རི་མོ་ཞིག་དང་ཀུན་ནས་མཚུངས། འཛམ་གླིང་གི་འདམ་སའི་ཉིན་མོར། ས་མཐོའི་སྣོད་བཅུད་ཀྱི་མཛེས་སྡུག་མཉམ་དུ་མྱོང་ཞིང་། གཞན་ན་མེད་པའི་ས་གཙང་འདི་ཐུན་མོང་ཐོག་སྲུང་སྐྱོབ་བྱེད།