འཚོལ་བཤེར།   
藏文频道
2026ལོའི་ཟླ་1ཚེས་30ཉིན།

༄༅།།གཞིས་རྩེའི་སྲོལ་རྒྱུན་གྱོན་ཆས་ཀྱི་་རིག་གནས་རྩ་བ་དང་དམངས་འཚོའི་ཉམས་འགྱུར།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 01ཚེས་30ཉིན། 23:38】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

གཞིས་རྩེའི་སོ་ནམ་ལོ་གསར། གཞིས་རྩེའི་སྲོལ་རྒྱུན་གྱོན་ཆས་ཀྱི་་རིག་གནས་རྩ་བ་དང་དམངས་འཚོའི་ཉམས་འགྱུར།

     ལོ་ངོ་སྟོང་གི་སྲོལ་རྒྱུན་གྱོན་ཆས་གྱོན། མེ་ཕོ་རྟ་ལོའི་ལོ་གསར་འཛུམ་གྱིས་བསུ། གཞིས་རྩེའི་སོ་ནམ་ལོ་གསར་གྱི་རིག་གནས་རྒྱུན་སྲོལ་དང་བསྟུན་ནས། སྲོལ་རྒྱུན་གྱི་གྱོན་ཆས་ཁྱད་ཆོས་མངོན་གསལ་དོད་པོ་དེ་མཐོ་སྒང་གི་གྲོང་ཁྱེར་འདིའི་ས་ཆ་གང་སར་ཁྱབ་འགོ་བརྩམས་ཡོད།

     སྣམ་བུ་འཁལ་འཐག་གི་རྒྱུ་སྤུན་་སྣོལ་མའི་འཐག་རིས་ནས། པང་གདན་ངོས་ཀྱི་རྣམ་བཀྲའི་འཇའ་རིས་་འདྲེས་མ་དང་། ཕྱུ་པའི་རང་མདངས་ལས་མངོན་པའི་སྤམ་པོའི་ཉམས། མགོ་རྒྱན་གྱི་བཟོ་རྩལ་ཞིབ་ཚགས་བཅས་ལས་གཞིས་རྩེའི་སྲོལ་རྒྱུན་གྱོན་ཆས་ནི་འཚེམ་བཟོ་བ་ཁོ་ནའི་ལག་རྩལ་ཙམ་མིན་པར། བོད་ཀྱི་འཚེམ་བཟོ་བ་རབས་དང་རིམ་པར་བརྒྱུད་པའི་བཟོ་རྩལ་གྱི་ཉིང་བཅུད་དང་། དེ་བས་ཀྱང་མཐོ་སྒང་གི་མང་ཚོགས་ཀྱིས་ལོ་རྙིང་ཕར་ལ་བསྐྱལ་ཏེ་ལོ་གསར་ཚུར་ལ་བསུ་བའི་སྐབས་ཀྱི་རིག་གནས་ཀྱི་མཚོན་བྱེད་གསོན་ཉམས་དོད་ཤོས་དང་འཚོ་བའི་རེ་བ་གཏོད་ས་ཞིག་ཀྱང་ཡིན།

     པར་མིག་དང་བསྟུན་ནས། ང་ཚོས་གྱོན་ཆས་ཀྱི་སྣེ་མོ་འདི་བརྒྱུད་དེ། དེའི་འཐག་རིས་དང་བསྟུན་ནས་གཞིས་རྩེའི་སོ་ནམ་ལོ་གསར་གྱི་རིག་གནས་རྩ་བ་འཚོལ་ཞིབ་བྱེད་པ་དང་། མཐོ་སྒང་གི་བུ་ཕྲུག་ཚོས་འཚོ་བ་བཟང་པོར་རེ་བའི་སེམས་འདུན་བཅོས་མ་ཉམས་སུ་མྱོང་བ་དང་། རིག་གནས་ཀྱི་རྩ་བ་འདི་དུས་ཀྱི་རྒྱུན་རིང་མོའི་ནང་དུའང་རྒྱུན་ཆད་མེད་པར་མུ་མཐུད་དེ་དར་ཞིང་རྒྱས་བཞིན་པའི་དཔང་པོ་བྱེད་དོ་ཨང་།།