འཚོལ་བཤེར།   
藏文频道
2026ལོའི་ཟླ་1ཚེས་29ཉིན།

༄༅།།ཀྲུང་གོ་དང་ལོ་སིའི་ལྕགས་ལམ་དུ་ཨེ་ཤེ་ཡ་དབུས་མའི་རྒྱལ་སྤྱིའི་ཟོག་འདྲེན་དུས་གཏན་མེ་འཁོར་ཐེངས་4མང་དུ་བཏང་བ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 01ཚེས་29ཉིན། 10:10】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་ཡུས་ཤིས་ནས་ཟླ་1ཚེས་26ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ལྕགས་ལམ་ཁུན་མིང་ཅུས་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་1ཚེས་26ཉིན་གྱི་མཚན་མོའི་ཆུ་ཚོད་བཅུ་གཉིས་ནས་བཟུང་ཀྲུང་ལོ་ལྕགས་ལམ་དུ་ཨེ་ཤེ་ཡ་དབུས་མའི་རྒྱལ་སྤྱིའི་ཟོག་འདྲེན་མེ་འཁོར་ཐེངས་4མང་དུ་བཏང་ནས་ཀྲུང་ཡེ་གྲོང་ཚོའི་འབབ་ཚུགས་དང་། ཡུས་ཤིས་ལྷོ་ཚུགས། ཡན་ཧོ་འབབ་ཚུགས་སོགས་ནས་གོ་རིམ་ལྡན་པའི་ངང་སྐྱོད་པ་དང་དུས་གཏན་མེ་འཁོར་དང་པོ་ཉིན་དེ་ནས་གཏོང་འགོ་ཚུགས་ཡོད།