གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 01ཚེས་28ཉིན། 15:22】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

འདི་ནི་ཟླ་1ཚེས་23ཉིན། ཧ་སག་སི་ཐན་གྱི་སློབ་མས་ཐེན་ཅིན་ལྕགས་ལམ་འགྲིམ་འགྲུལ་ཚོགས་པའི་འདྲ་བཟོའི་དངོས་སྦྱོང་ལྟེ་གནས་སུ་སློབ་སྦྱོང་བྱེད་བཞིན་པ།
ཉེ་ཆར། ཐེན་ཅིན་ལྕགས་ལམ་འགྲིམ་འགྲུལ་ཚོགས་པའི་ཨ་སི་ཐཱ་ནཱ་ཡང་བའི་ལྕགས་ལམ་བཀོད་གཏོང་གི་སློབ་མའི་ཐེན་ཅིན་གསོ་སྦྱོང་འཛིན་གྲྭས་ཕྱོགས་ཡོངས་ནས་ལྟེ་བའི་དངོས་སྤྱོད་སློབ་སྦྱོང་སྤེལ་ཞིང་། ཧ་སག་སི་ཐན་གྱི་རིགས་གཅིག་མཁས་ཅན་སློབ་མ་20ཙམ་གྱིས་དངོས་སྤྱོད་གསོ་སྦྱོང་དང་། ལས་ཐོག་དངོས་སྦྱོང་། འདྲ་བཟོའི་ནང་སྦྱོང་སོགས་ཀྱི་བྱ་ཐབས་བརྒྱུད་ཀྲུང་གོའི་ཚད་ལྡན་གྱི་བཀོད་གཏོང་ལག་རྩལ་དང་དངོས་སྤྱོད་ཚད་གཞི་སློབ་སྦྱོང་བྱས་ཡོད།