གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 01ཚེས་27ཉིན། 16:06】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཚེས་26ཉིན། ཨ་རིའི“ཡ་པོ་ལ་ཧན·ལིན་ཁིན”རྟགས་ཅན་གྱི་གནམ་གྲུ་འབབ་འཕུར་གྲུ་གཟིངས་ཨ་རིའི་ཀྲུང་དབྱང་སི་ལིང་པུའི་ཧིན་རྡུ་རྒྱ་མཚོ་ཆེན་པོའི་འགན་འཁྲི་ཁུལ་དུ་སླེབས་ཡོད་པ་མངོན་ཡོད།
དེའི་ཐད་ཨ་རིའི་དཔོན་རིགས་ཤིག་གིས་གནམ་གྲུ་འབབ་འཕུར་གྲུ་གཟིངས་འདིས“འབྱུང་འགྱུར་དབྱི་རན་ལ་འཇབ་རྒོལ་གང་རུང་སྤེལ་སྲིད་པའི་གྲ་སྒྲིག་ཡག་པོ་” བྱས་མེད་ཅེས་བཤད་པ་རེད།
དབྱི་རན་གྱི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་པཱ་ཅ་ཨའེ་ཡིས་ས་གནས་དེ་གའི་དུས་ཚོད་ཟླ་1ཚེས་26ཉིན་བཤད་དོན། དབྱི་རན་གྱིས་དམག་དོན་བཙན་འཛུལ་གང་རུང་ལ་“མི་རྣམས་བློ་ཕམ་དགོས་པའི་ཨ་ལན་བསློག་”རྒྱུ་ཡིན། ཚེས་24ཉིན་དབྱི་རན་དབྱི་སི་ལན་གསར་བརྗེའི་སྐུ་སྲུང་རུ་ཁག་གི་སྤྱི་ཁྱབ་སི་ལིང་གཞོན་པ་ཝ་ཞི་ཏིས་“ང་ཚོས་ཚེས་12ཉིན་གྱི་དམག་འཁྲུག”བྱེད་སྐབས་ལས་གྲ་སྒྲིག་དེ་བས་གང་ལེགས་བྱས་ནས། འགྱོད་པ་སྐྱེ་དགོས་པའི་བྱ་ཐབས་ཐོག་ནས་དགྲ་བོའི་ཉེན་ཁར་མི་འཛེམ་པའི་བྱ་སྤྱོད་གང་རུང་ལ་ལན་འདེབས་རྒྱུའི་གྲ་སྒྲིག་བྱས་ཡོད”ཅེས་བཤད་པ་རེད།