འཚོལ་བཤེར།   
藏文频道
2026ལོའི་ཟླ་1ཚེས་27ཉིན།

༄༅།།ཡུག་ཨ་ཨུ་བར་རེས་སྐོར་གསར་པའི་གྲོས་མོལ་བྱ་རྒྱུ་རེད།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 01ཚེས་27ཉིན། 16:06】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅི་ཡིས་ས་གནས་དེ་གའི་དུས་ཚོད་ཟླ་1ཚེས་26ཉིན་ཡུག་རེན་དང་ཨ་རི། ཨུ་རུ་སུ་ཕྱོགས་གསུམ་གྱི་གྲོས་མོལ་རེས་སྐོར་གསར་པ་གཟའ་འཁོར་འདིའི་གཟའ་ཉི་མ་སྟེ་ཟླ་2ཚེས་1ཉིན་འཚོག་སྲིད་ཅེས་བཤད་པ་རེད།

    ཨུ་རུ་སུ་དང་། ཨ་རི། ཡུག་རེན་རྒྱལ་ཁབ་གསུམ་གྱི་འཐུས་མི་ལས་གྲུབ་པའི་བདེ་འཇགས་གནད་དོན་ལས་དོན་ཚོགས་ཆུང་གི་ཕྱོགས་གསུམ་གྲོས་མོལ་ཐེངས་དང་པོ་དེ་ཚེས་24ཉིན་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་ས་ཨ་པུའུ་ཀྲ་པི་རུ་མཇུག་བསྒྲིལ་ཡོད། ཚེས་24ཉིན་ཨ་རིའི་ཙུང་ཐུང་གི་དམིགས་བསལ་ཕོ་ཉ་ཝེ་ཐེ་ཁོ་ཕུའུ་ཡིས་སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར་ཐོག་རྩོམ་ཡིག་སྤེལ་ནས་རེས་སྐོར་གསར་པའི་ཕྱོགས་གསུམ་གྱི་གྲོས་མོལ་གཟའ་འཁོར་རྗེས་མར་ཨ་པུའུ་ཀྲ་པི་རུ་འཚོག་རྩིས་ཡོད་ཅེས་བཤད་པ་རེད།