འཚོལ་བཤེར།   
藏文频道
2026ལོའི་ཟླ་1ཚེས་22ཉིན།

༄༅།།ཨ་རི་དངོས་སུ་ཚོགས་པ་འདི་ནས་བུད་པ། 

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 01ཚེས་22ཉིན། 14:09】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

      2025ལོའི་ཟླ་1ཚེས་20ཉིན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས་སྲིད་འཛིན་བཀའ་ཡིག་ལ་མིང་རྟགས་བཀོད་ནས། ཨ་རི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ནས་ཕྱིར་འབུད་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ལ་ལོ་དེའི་ཟླ་1ཚེས་22ཉིན་བརྡ་ཐོ་དེ་འབྱོར་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྒྲིག་ཡིག་གཞིར་བཟུང་། ཁོངས་མིའི་རྒྱལ་ཁབ་ཀྱིས་ཕྱིར་འབུད་རྒྱུའི་རེ་ཞུ་ཕུལ་ནས་ལོ་གཅིག་སོང་རྗེས། གཞི་ནས་དངོས་སུ་ཕྱིར་བུད་ཆོག

     2026ལོའི་ཟླ་1ཚེས་22ཉིན། ཨ་རིས་མཉམ་འབྲེལ་རྒྱལ་ཚོགས་ལ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ནས་ཕྱིར་འབུད་རྒྱུའི་རེ་ཞུ་དངོས་སུ་བཏོན་ནས་ལོ་གཅིག་ལོན་པ་དང་། ལས་རིམ་ཐོག་ནས་བཤད་ན་ཨ་རི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ནས་དངོས་སུ་ཕྱིར་བུད་པ་མཚོན་ཡོད།

     ཉེ་ཆར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་མགྲིན་ཚབ་པ་ལིན་ཏེ་མེའར་གྱིས་བསྟན་དོན། ཨ་རིར་ཕྱིར་འབུད་དབང་ཡོད་མོད། འོན་ཀྱང་སྔོན་འགྲོའི་ཆ་རྐྱེན་ནི་དེ་གོང་ཆད་འགྱངས་བྱས་པའི་ཚོགས་དངུལ་ཚང་མ་ངེས་པར་དུ་གཙང་འཇལ་བྱེད་དགོས། མིག་སྔར་ཨ་རིས་2024ལོ་དང་2025ལོའི་ལོ་འཁོར་གྱི་རིན་དངུལ་འཇལ་དགོས་རིགས་སྤྲད་མེད་པ་དང་། ལོ་གཉིས་ནང་བསྡོམས་རྩིས་བྱས་ན་ཨ་སྒོར་དུང་ཕྱུར་2.6ཙམ་ཟིན་ཡོད། གནད་དོན་དེ་དངོས་སུ་སྐོང་འཚོགས་བྱེད་ལ་ཉེ་བའི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་གྲོས་རིམ་ནང་བཅུག་ཡོད།