འཚོལ་བཤེར།   
藏文频道
2026ལོའི་ཟླ་1ཚེས་21ཉིན།

༄༅།།2026ལོའི“ཀྲུང་ཧྥེའི་མི་ཆོས་རིག་གནས་སྤེལ་རེས་ལོ”ཡིས་མཉམ་ལས་ཀྱི་བར་མཐོངས་གསར་པ་བཏོད་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 01ཚེས་21ཉིན། 14:29】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཏ་ཁར་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། སེ་ནེ་ཀལ་གཞུང་ཕྱོགས་ཀྱི་ཚགས་པར《ཉི་འོད་ཚགས་པར》ཐོག་རྩོམ་ཡིག་སྤེལ་ཏེ། 2026ལོ་དེ“ཀྲུང་ཧྥེའི་མི་ཆོས་རིག་གནས་སྤེལ་རེས་ལོར”གཏན་འཁེལ་བྱས་ནས་ཕྱོགས་གཉིས་པོའི་མཉམ་ལས་ལ་བར་མཐོངས་གསར་པ་བཏོད་ཡོད། མི་ཆོས་རིག་གནས་དང་། རིག་གནས། གཞོན་ནུ་བཅས་སྐོར་གྱི་གྲོས་གཞི་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ཚེ། མཉམ་ལས་དེ་བས་རྒྱུན་མཐུད་ཐུབ་པ་དང་སྤྱི་ཚོགས་ཀྱི་མོས་སེམས་དེ་བས་ཐོབ་སླ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད་ཅེས་བསྟན་ཡོད། རྩོམ་ཡིག་གི་ནང་དོན་གནད་བསྡུས་གཤམ་གསལ།

     2026ལོའི“ཀྲུང་ཧྥེའི་མི་ཆོས་རིག་གནས་སྤེལ་རེས་ལོ”ཡི་བྱེད་སྒོ་སྤེལ་བ་ནི་གཞོན་ནུ་ཕན་ཚུན་སྤེལ་རེས་དང་། ཤེས་ལྡན་པ་གསོ་སྐྱོང་། རིག་གནས་སྤེལ་རེས། སྤྱི་ཚོགས་གསར་གཏོད་བཅས་བྱས་ནས་ཧྥེ་ཀྲུང་མཉམ་ལས་སྔར་བས་སྲ་བརྟན་དུ་གཏོང་རྒྱུའི་ཆེད་དུ་རེད། “ཀྲུང་ཧྥེའི་མི་ཆོས་རིག་གནས་སྤེལ་རེས་ལོའི”བྱེད་སྒོ་རབ་དང་རིམ་པ་སྤེལ་བའི་དམིགས་ཚད་ནི་མཉམ་ལས་འཕེལ་རྒྱས་གཏིང་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་ཐུབ་པའི་ཤེས་ལྡན་པ་གསར་པ་གསོ་སྐྱོང་བྱས་ཏེ། ཕྱོགས་གཉིས་པོའི་མཉམ་ལས་དཔལ་འབྱོར་གྱི་ཟུར་ཚད་རྐྱང་པ་ལས་བརྒལ་བར་བྱ་རྒྱུ་དེ་རེད།

     2025ལོར་ཧྥེ་ཀྲུང་འབྲེལ་བ་ལས་འཐབ་ཇུས་གནད་དུ་སྨིན་ཚུལ་མངོན་པ་དང་། 2026ལོར་དཔལ་འབྱོར་འཕར་རྒྱུ་དང་ཤེས་ལྡན་པའི་ནུས་པ་ཆེ་ཏུ་གཏོང་རྒྱུ་གཉིས་ཀར་ལྟ་རྟོག་ཐུབ་པའི་དུས་མཚམས་གསར་པ་འགོ་འཛུགས་རྒྱུ་རེད། ཕན་ཚུན་བསམ་ཤེས་བྱེད་ཤུགས་ཆེ་རུ་དང་རིག་གནས་སྤེལ་རེས་གཏིང་ཟབ་ཏུ་བཏང་བ་བརྒྱུད། ཧྥེ་ཀྲུང་གི་མཉམ་ལས་དེ་བས་བསྟུན་མཁས་ཐུབ་པ་མ་ཟད། རྒྱུན་མཐུད་འཕེལ་རྒྱས་ཀྱི་འགྲན་སློང་དང་དེ་བཞིན་གཏན་འཁེལ་མེད་པའི་རྒྱལ་སྤྱིའི་ཁོར་ཡུག་ལ་ཁ་གཏད་གཅོག་པའི་ནུས་པའང་དེ་བས་ཆེ་རུ་འགྲོ་རྒྱུ་རེད།