གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 01ཚེས་16ཉིན། 15:39】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
མི་འབོར་རྒས་རྒོན་ཅན་ལ་ཁ་གཏད་གཅོག་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རང་མགོ་མི་ཐོན་པའི་རྒན་རྒོན་ལ་ལྟ་སྐྱོང་ཞབས་ཞུ་བྱེད་པའི་ལས་དོན་ལ་ཤུགས་སྣོན་རྒྱག་པ། རྒན་གསོའི་ཞབས་ཞུའི་འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་ཆེད།《ཅུང་ཙམ་ཡན་གྱི་རང་མགོ་མི་ཐོན་པའི་རྒན་རྒོན་ལ་རྒན་གསོའི་ཞབས་ཞུའི་འཛད་སྤྱོད་ཀྱི་གསབ་དངུལ་སྤྲོད་པའི་རྣམ་གྲངས་ཁྱོན་ཡོངས་ནས་ལག་བསྟར་བྱ་རྒྱུའི་སྐོར་གྱི་དམངས་སྲིད་པུའུ་གཞུང་དོན་ཐིང་དང་ནོར་སྲིད་པུའུ་གཞུང་དོན་ཐིང་གི་བརྡ་ཐོ།》(དམངས་སྒྲུབ་ཡིག་ཆ〔2025〕ཨང་49པ)ཡི་དགོངས་དོན་དང་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གིས་མགྱོགས་མྱུར་བྱ་སྤྱོད་སྤེལ་ནས་ནོར་སྲིད་སྡེ་ཁག་དང་མཉམ་དུ་2025ལོའི་ལོ་འཁོར་གྱི་རྒན་གསོའི་ཞབས་ཞུའི་འཛད་སྤྱོད་གསབ་དངུལ་སྔོན་རྩིས་ལག་བསྟར་བྱེད་པའི་ལས་དོན་སྤེལ་བ་དང་འབྲེལ་ལས་འགན་ཁག་བཀོད་སྒྲིག་བྱས་ཏེ་གསབ་དངུལ་རྣམ་གྲངས་དོན་འཁྱོལ་ཐུབ་པ་བྱས་པ་རེད།
ཟླ་1ཚེས་7ཉིན་རང་སྐྱོང་ལྗོངས་དམངས་སྲིད་ཐིང་དང་ནོར་སྲིད་ཐིང་གིས་《2025ལོའི་རྒན་གསོ་ཞབས་ཞུའི་འཛད་སྤྱོད་གསབ་དངུལ་གཤམ་སྤྲོད་བྱེད་རྒྱུའི་སྐོར་གྱི་བརྡ་ཐོ་》མཉམ་འབྲེལ་ཐོག་བཀྲམས་པ་དང་ལོ་འཁོར་དེའི་རྣམ་གྲངས་ཀྱི་གསབ་དངུལ་གྱི་སྔོན་རྩིས་དམིགས་ཚད་ཁྱོན་སྒོར་ཁྲི་1450ས་གནས་(གྲོང་ཁྱེར།)དང་ཐད་སྐྱོང་རྫོང་(གྲོང་ཁྱེར།)ཁག་ལ་བཏང་བ་རེད། དེ་དང་ཆབས་ཅིག་བཀོད་སྒྲིག་ཚོགས་འདུ་འཚོགས་ནས་མ་དངུལ་ཆེད་མངགས་དེ་དཔྱད་དཔོག་གཏན་འཁེལ་བྱུང་བའི་རང་མགོ་མི་ཐོན་པའི་རྒན་རྒོན་ལ་རྒན་གསོའི་ཞབས་ཞུའི་འཛད་སྤྱོད་གསབ་དངུལ་སྤྲད་དེ་རང་མགོ་མི་ཐོན་པའི་རྒན་རྒོན་གྱི་ཁྱིམ་ཚང་ལྟ་སྐྱོང་གི་ཁུར་པོ་ནུས་ལྡན་ངང་ཡང་དུ་བཏང་ནས་རྒན་གསོའི་ཞབས་ཞུའི་འགན་ལེན་གྱི་དགོས་མཁོ་སྐོང་ཐུབ་པ་བྱ་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད།