གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 01ཚེས་15ཉིན། 10:06】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་ཀོང་ཀྲོའུ་ནས་ཟླ་1ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་10དང་11ཉིན། ཨ་རིའི་One Voiceམཉམ་གཞས་ཚོགས་པ་ཀོང་ཀྲོའུ་རུ་འཚམས་འདྲིར་ཡོང་སྟེ། དུས་ཡུན་ཉིན་གཉིས་ཀྱི་རིག་གནས་སྤེལ་རེས་དང་འཁྲབ་སྟོན་བྱེད་སྒོ་སྤེལ་བ་རེད། དེའི་རིང་། མཉམ་གཞས་ཚོགས་པས་ཀོང་ཀྲོའུ་ལྕོག་མཁར་དུ་ཀོང་ཀྲོའུ་ཡི་གཞོན་ནུ་ལོ་ཆུང་ཚོ་དང་མཉམ་དུ་ཀོང་ཏུང་སྐད་ཀྱི་གླུ་གཞས་གྲགས་ཅན《གྲོགས་པོ》ཞེས་པ་བཏང་བ་རེད། ད་ཐེངས་ཀྱི་བྱེད་སྒོ་ནི“གོ་ལ་ཧྲིལ་པོའི་གཞོན་ནུས་ཀོང་ཀྲོའུ་ལ་ལྟ་བའི”རིམ་སྤེལ་བྱེད་སྒོའི་གྲས་ཤིག་ཡིན་ལ། ཀོང་ཀྲོའུ་གྲོང་ཁྱེར་གྱིས“ལོ་ལྔའི་ནང་མི་ཁྲི་5”ཡི་གྲོས་འགོའི་ལག་ལེན་ཞིག་ཀྱང་རེད། བྱེད་སྒོ་དེ་ནི་ཀོང་ཀྲོའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་ཕྱི་དོན་གཞུང་དོན་ཁང་དང་ཀོང་ཀྲོའུ་གྲོང་ཁྱེར་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཉམ་དུ་སྒྲིག་འཛུགས་བྱས་པ་ཞིག་རེད།