གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 01ཚེས་12ཉིན། 13:43】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཡུན་ནན་གྱིས་ལུས་རྩལ་པའི་བྱ་དགའི་དངུལ་གཡོ་ལེན་བྱས་པའི་གནས་ཚུལ་བརྡ་ཁྱབ་བཏང་གསལ་དུ། ཧྥན་ཆེ་གེ་མོར་གོ་གནས་ཕྱིར་འཐེན་གྱི་ཐག་བཅད།
ཡུན་ནན་ཞིང་ཆེན་ལུས་རྩལ་ཅུས་ཀྱིས་ཟླ་དང་པོའི་ཚེས་10ཉིན་གྱི་དགོང་མོ་གནས་ཚུལ་བརྡ་ཁྱབ་བཏང་ནས་ལུས་རྩལ་པ་ཝང་ཆེ་གེ་མོས་ཡུན་ནན་སུང་མའོ་ལུས་རྩལ་སྦྱོང་བརྡར་རྟེན་གཞིའི་ཀྲུའུ་རེན་ཧྥན་ཆེ་གེ་མོས་བྱ་དགའི་དངུལ་གཡོ་ལེན་བྱས་པའི་དོན་དེ་ཐེར་འདོན་བྱས་པ་དང་། ཡུན་ནན་ཞིང་ཆེན་ལུས་རྩལ་ཅུས་ཀྱི་བརྟག་དཔྱད་ཚོགས་ཆུང་གིས་བརྟག་དཔྱད་ནན་ཏན་བྱས་པ་བརྒྱུད་གནས་ཚུལ་དེ་དོན་དངོས་ཡིན་པ་ར་འཕྲོད་བྱུང་། ཡུན་ནན་ཞིང་ཆེན་ལུས་རྩལ་ཅུས་ཀྱི་ཏང་ཙུའུ་ཡིས་ཧྥན་ཆེ་གེ་མོའི་གོ་གནས་ཕྱིར་འཐེན་བྱ་རྒྱུའི་ཐག་བཅད་པ་དང་འབྲེལ་ཡོད་སྡེ་ཚན་གྱིས་ཧྥན་ཆེ་གེ་མོར་ཐོ་འགོད་བརྟག་དཔྱད་བྱས། ཡུན་ནན་ཞིང་ཆེན་ལུས་རྩལ་ཅུས་ཀྱིས་ལུས་རྩལ་པའི་དོ་དམ་གྱི་འབྲེལ་ཡོད་སྲིད་ཇུས་གཏན་འབེབས་ལྟར་ལུས་རྩལ་པ་ཝང་ཆེ་གེ་མོའི་འགན་ལེན་ལས་དོན་ཡག་པོ་སྒྲུབ་རྒྱུ་ཡིན་པ་རེད།
དེ་དང་དུས་མཚུངས་སུ། ཡུན་ནན་ཞིང་ཆེན་ལུས་རྩལ་ཅུས་ཀྱིས་ལུས་རྩལ་རུ་ཁག་ཆེད་དོན་བཅོས་སྒྲིག་བྱས་ནས་སྒྲིག་ཁྲིམས་ཀྱི་སྤྱོད་ཚུལ་ལེགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ་དང་ལུས་རྩལ་རུ་ཁག་གི་དོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་བ་དང་ལུས་རྩལ་པའི་ཁེ་དབང་འགན་སྲུང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཡོད།
དེ་གོང་ལ་གནས་ཚུལ་སྤེལ་བར་གཞིགས་ན། ཡུན་ནན་ཞིང་ཆེན་སུང་མའོ་ལུས་རྩལ་སྦྱོང་བརྡར་རྟེན་གཞིའི་ལུས་རྩལ་པ་ཝང་ཆེ་གེ་མོས་《རྒྱལ་ཁབ་ཀྱི་ཆེད་དུ་ཨ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཐོག་གསེར་གྱི་རྟགས་མ་གསུམ་བླངས་ཡོད་རུང་། ཚུར་ལོག་རྗེས་བྱ་དགའི་དངུལ་གཡོ་ལེན་བྱས་པའི་སྐོར། གསེར་གྱི་རྟགས་མ་ཐོབ་མཁན་ལུས་རྩལ་པས་མི་དངོས་སུ་དོན་ནས་མི་ངན་ཐེར་འདོན་བྱེད་པ་》ཞེས་པའི་ཁ་བྱང་གི་བརྙན་ལམ་དྲ་ཐོག་དུ་བཀྲམས་པ་དང་དྲ་གྲོགས་ཚོས་དོ་ཁུར་བྱེད་ཀྱི་ཡོད་པ་རེད།